ཀྲུང་གོ་གསར་འགྱུར་སྨྱན་བྱད་བདག་དབང་སྲུང་སྐྱོབ་མནའ་འབྲེལ་པེ་ཅིན་ནས་བཙུགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 05-02


        ཉེ་ལམ། ཀྲུང་གོ་བདག་དབང་ཅུས་ཀྱིས་གཙོ་སྒྲུབ་བྱས་པའི་2017ལོའི་ཀྲུང་གོ་དྲ་རྒྱའི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ཚོགས་ཆེན་པེ་ཅིང་ནས་བསྡུས།
        ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས། རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་སྒྲུབ་ཁང་བཅས་འབྲེལ་ཡོད་ལས་ཁུངས་དང་ཀྲུང་དབྱང་གསར་འགྱུར་ལས་ཁུངས། བདག་དབང་ཐོན་ལས་ལས་རིགས། རིག་གཞུང་ལས་རིགས། ཁྲིམས་ལུགས་ལས་གཉེར་ལས་རིགས་བཅས་ཀྱི་འཐུས་མིས་འཚོ་བ་གསར་གཏོད་དང་བཅོས་སྒྱུར་བྱེད་པ་ཞེས་པའི་ནང་དོན་གཙོ་བོར་དམིགས་ཏེ་ཡོངས་ཁྱབ་ཏུ་ཞིབ་འཇུག་དང་གྲོས་བསྡུར་བྱས། ཚང་མས་དྲ་རྒྱའི་བདག་དབང་གསར་གཏོད་དང་འཕེལ་རྒྱས་སུ་གཏང་དགོས་ན། ངེས་པར་དུ་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་ཁྱོན་ཡོངས་གཞིར་བཟུང་སྟེ། གོ་སྐབས་གསར་པ་སྔར་ལས་ཁོང་དུ་ཆུད་པ་དང་གནས་བབ་ལ་ངོས་འཛིན་གསལ་བོ་བྱེད་པ། འགྲན་རྩོད་གསར་པར་ཁ་གཏོད་འཇལ་བ་བཅས་བྱ་དགོས་པའི་ཚུལ་བསྟན། 
        ཚོགས་འདུའི་སྟེང་མི་དམངས་ཉིན་རེའི་ཚགས་པར་དང་ཞིན་ཧྭ་གསར་འགྱུར་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས། ཀྲུང་དབྱང་བརྙན་འཕྲིན་ཁང་སོགས་ཀྲུང་དབྱང་གསར་འགྱུར་ལས་ཁུངས་བཅུ་ལྷག་གིས་ཀྲུང་གོ་གསར་འགྱུར་སྙན་བྱད་བདག་དབང་སྲུང་སྐྱོབ་མནའ་འབྲེལ་བཙུགས། རྒྱལ་ཡོངས་ཀྱི་ཚགས་པར་དང་དུས་དེབ། རྒྱང་སྒྲོག་དང་བརྙན་འཕྲིན་ལས་ཁུངས་བརྒྱ་དང་བཅོ་ལྔས་གསར་འགྱུར་བརྩམས་ཆོས་བདག་དབང་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་པའི་སྐོར་གྱི་གསལ་སྒྲོག་སྤེལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1