༄༅། །བོད་དུ་ཀརྨ་སྒར་བྲིས་ཀྱི་ཞལ་ཐང་རྩེ་གྲ་ཐེངས་དང་པོ་འགྲེམས་སྟོན་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-15


      ཉེ་དུས་ཀརྨ་སྒར་བྲིས་ཀྱི་ཞལ་ཐང་རྩེ་གྲའི་འགྲེམས་སྟོན་ཐེངས་དང་པོ་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་བྱས་པའི་ནང་།སྔོན་བྱོན་ཀརྨ་སྒར་བྲིས་ཀྱི་རི་མོའི་འབྲི་སྲོལ་ལ་ཤིན་ཏུ་བྱང་བའི་རི་མོའི་ཕྱག་སྲོལ་ཡོད་པ་ཕུད།ཀརྨ་སྒར་བྲིས་ཀྱི་ཞལ་ཐང་རྒྱུན་འཛིན་པའི་རང་རང་གི་ཞལ་ཐང་རྩེ་གྲ་ཁག་གཅིག་ཀྱང་ཡོད་པ་རེད།

    ཀརྨ་སྒར་བྲིས་ནི་བོད་ཀྱི་ཤར་རྒྱུད་ནས་དར་ཏེ་བོད་ཀྱི་ཤར་ཕྱོགས་ཡུལ་གྲུར་དར་བའི་ནང་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྱི་སྡེ་དགེ་དང་བོད་ལྗོངས་ཆབ་མདོ་ས་ཁུལ་དུ་དར་བ་དང་སྤྱི་ལོའི་དུས་རབས་16པའི་ནང་བྱོན་པའི་ཡར་སྟོད་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་ཐོག་མར་སྲོལ་གཏོད་གནང་ནས་ཀརྨ་པའི་སྨོན་ལམ་ཆེ་མོ་ནས་མིང་ཐོབ་པ་ཞིག་རེད།

    འདི་ནི་ཟླ་4ཚེས་24ཉིན་ལྟ་སྐོར་བ་ཞིག་གིས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་འགྲེམས་སྟོན་ལ་བལྟ་བའི་གནས་ཚུལ་ཡིན་པ།    འདི་ནི་ཟླ་4ཚེས་24ཉིན་ལྟ་སྐོར་བ་ཞིག་གིས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་འགྲེམས་སྟོན་ཐོག་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1