ཐེ་རོན་ཕུ་དང་བར་སྣང་ས་ཚིགས་ཀྱི་འཇིག་རྟེན་འཕུར་སྐྱོད་པའི་དབར་ཁ་པར་བརྒྱབ་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-03


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ4ཚེས24ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་བར་སྣང་ས་ཚིགས་ཀྱི་འཇིག་རྟེན་འཕུར་སྐྱོད་པའི་དབར་ཁ་པར་སྐར་མ་20ཙམ་བརྒྱབ་ནས་བར་སྣང་ས་ཚིགས་ཀྱི་བཀའ་བཀོད་དཔོན་ཧྥེ་ཅི·ཧུའེ་ཐེ་སན་གྱིས་ཨ་རིའི་འཇིག་རྟེན་འཕུར་སྐྱོད་པས་བར་སྣང་ཁམས་སུ་སྡོད་མང་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་སྐར་མ་མིག་དམར་དུ་མི་བཞུགས་འཚོལ་ཞིབ་བྱེད་མགྱོགས་སུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་ཅིང་། འདི་ནི་ཟླ4ཚེས24ཉིན་ཨ་རིའི་ཝ་ཧྲིང་ཐོན་ཕོ་བྲང་དཀར་པོའི་འཇོང་དབྱིབས་གཞུང་དོན་ཁང་ནང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས(གཡོན)རྒྱལ་སྤྱིའི་བར་སྣང་ས་ཚིགས་ཀྱི་འཇིག་རྟེན་འཕུར་སྐྱོད་པ་དང་ཁ་པར་རྒྱག་པའི་གནས་ཚུལ་ཡིན་པ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1