མདོ་དབུས་མཐོ་སྒང་ཉིད་འཛམ་གླིང་གི་རྒྱལ་ཁབ་སྤྱི་གླིང་ཆེ་ཤོས་སུ་བསྒྱུར་རྒྱུའི་འཆར་གཞི་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 05-04


         སྤྱི་ཟླ་4བའི་ཚེས་22ཉིན། ཀྲུང་གོའི་ལྷོ་ཕྱོགས་ཞོགས་པའི་ཚགས་པར་དུ་སྤེལ་བའི་གནས་ཚུལ་ལྟར་ན། རང་རྒྱལ་གྱིས་མདོ་དབུས་མཐོ་སྒང་སྲུང་སྐྱོབ་ཐད་ཀྱི་ལས་གཞི་གསར་པ་ཞིག་བཏོན་ཡོད་པ་སྟེ། མཐའ་བཞིའི་རི་རྒྱུད་དང་བཅས་པའི་བོད་ཡུལ་གྱི་མཐོ་སྒང་འདི་རྒྱལ་ཁབ་རིམ་པའི་སྤྱི་གླིང་ཆེན་པོ་ཞིག་ཏུ་བསྒྱུར་རྒྱུའི་འཆར་གཞི་བཀོད་འདུག ཚན་རིག་ཞིབ་འཇུག་པ་རྣམས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལས་གཞི་འདིའི་དམིགས་ཡུལ་ནི་ཆེས་མཐའ་འཇུག་གི་ས་གཙང་ངམ་གནས་མཆོག་ཏུ་འབོད་པའི་ཡུལ་འདིར་སྲུང་སྐྱོབ་བྱ་རྒྱུའི་ཆེད་དུའོ།།    
        དེ་ལ་སྣེ་གསུམ་རྒྱལ་ཁབ་སྤྱི་གླིང་ཞེས་ཀྱང་བཏགས་ཡོད་དེ། རྒྱུ་མཚན་ནི་ཧི་མ་ལ་ཡའི་རི་རྒྱུད་སོགས་ཀྱིས་མཚོན་པའི་བོད་ཡུལ་མདོ་དབུས་མཐོ་སྒང་གི་ཁོར་ཡུག་འདི་དང་གླིང་སྣེའི་ས་ཁུལ་བར་འདྲ་ས་མི་ཉུང་བ་ཞིག་ཡོད་པས་རེད། མཐོ་སྒང་འདིའི་ས་མི་ཉུང་བ་ཞིག་ནི་གཙོ་བོ་བོད་ལྗོངས་དང་མཚོ་སྔོན་གྱིས་ཟིན་ཡོད་དེ། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ས་ཡ་2དང་འབུམ་5ལྷག་ཡོད། ས་ཁྱོན་འདི་ནི་མིག་སྔར་འཛམ་གླིང་ན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་སྟེ་ཀོ་རིན་ལནྡ་གླིང་ཕྲན་གྱི་ཤར་བྱང་རྒྱལ་ཁབ་སྤྱི་གླིང་ལས་ཀྱང་ཆེ་བར་མཐོང་། ཕྱི་མའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་འབུམ་9དང་ཁྲི་7སྟོང་2ལས་མེད། 
        ད་ལོའི་དབྱར་ཁར། རྒྱལ་ཁབ་སྲིད་གཞུང་གིས་རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་སྡེ་ཁག་ཆེན་པོ་ཞིག་དང་ལྷན་དུ་མདོ་དབུས་མཐོ་སྒང་ལ་ཚན་རིག་གི་བརྟག་དཔྱད་སྔ་ན་མེད་པ་ཞིག་བྱ་རྒྱུ་རེད། དཔུང་ཁག་འདིར་ཞུགས་མཁན་ལ་ད་དུང་བལ་བོ་དང་ཕ་ཁི་སེ་ཐན་སོགས་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་སྣའང་འདུས། དཔྱད་ཆས་ལ་རྒྱང་འཛིན་གནམ་གྲུ་དང་ས་དཔྱད་འཁོར་སྐར་སོགས་མཆིས་སོ།། 



 
  
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1