ལི་རྫོང་གིས་ཉི་ནུས་འབུ་གསོད་གློག་འོད་བེད་སྤྱོད་བྱས་པ།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-04


         སྤྱི་ཟླ་5པའི་ཚེས་2ཉིན་བསྒྲགས་པའི་འཕྲིན།  དབུལ་ཕོངས་གྲོང་རྡལ་གྱི་གཞི་ཁྱོན་ཆེན་པའི་འདེབས་འཛུགས་ས་ཁུལ་གྱི་ནད་འབུའི་གནོད་འཚེ་བཅོས་སྐྱོང་བྱ་ཆེད། ལི་རྫོང་གིས་ཉི་ནུས་འབུ་གསོད་གློག་འོད་625ཉོས་ཏེ། རིན་མེད་སྒོས་གྲོང་རྡལ་10ཡི་གནོད་འབུ་སེལ་བར་བཀོལ་རྒྱུ་ཡིན་པ་དང་། ཟླ་བ་5པའི་ཟླ་དཀྱིལ་ལ་སྒྲིག་སྦྱོར་ལས་ཀ་ལེགས་པོར་འགྲུབ་རྒྱུ་རེད།
      ཤེས་རྟོགས་བྱུང་པར་ལྟར་ན། འབུ་གསོད་གློག་སྒྲོལ་རེ་ཡིས་ཉེ་འཁོར་གྱི་མུའུ་30ཀྱི་ས་ཞིང་གི་གནོད་འབུའི་གནོད་འཚེ་སྔོན་འགོག་བྱེད་ཐུབ་པ་དང་།  འབུ་གསོད་གློག་འོད་དེས་ཉིན་མོར་གློག་བསོགས་ཤིང་མཚན་མོར་འོད་ནུས་ལ་བསྟེན་ཏེ་གནོད་འབུ་རྣམས་བསད་ནས་སྤུས་ལེགས་ཁྱད་ལྡན་གྱི་ཞིང་ལས་ཐོན་རྫས་ལ་སྲུང་སྐྱོབ་བྱེད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1