《ཞབས་བྲོའི་རྒྱལ་པོ་སུ་ཡིན།》ཞེས་པའི་ཞབས་བྲོ་ལ་རྒྱལ་ཡོངས་ཀྱི་ཨང་གསུམ་པའི་གཟེངས་རྟགས་ཐོབ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 05-05


        ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ལུས་རྩལ་ཞབས་བྲོ་མཐུན་ཚོགས་རུ་ཁག་གིས་《ཞབས་བྲོའི་རྒྱལ་པོ་སུ་ཡིན་》ཞེས་པའི་ཀྲུང་གོའི་ཐང་ཆེན་ཞབས་བྲོ་དམངས་ཁྲོད་འགྲན་བསྡུར་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་ལ་ཞུགས་ཤིང་། མི་རིགས་ཀྱི་ཁྱད་ཆོས་རབ་ཏུ་ལྡན་ཞིང་གསོན་ཉམས་བཀྲ་བའི་འཁྲབ་སྟོན་དང་། གཏན་འབེབས་བྱས་པའི་ཞབས་བྲོའི་འཁྲབ་རིམ། རང་འདེམས་ཞབས་བྲོའི་འཁྲབ་རིམ་སོགས་འཁྲབ་ཚན་མང་པོའི་འགྲན་བསྡུར་བྱས་པ་བརྒྱུད། མཐའ་མཇུག་ཏུ་ཨང་གསུམ་པ་ཐོབ་པས། གཟེངས་སུ་ཐོན་པའི་རུ་ཁག་འདི་རྒྱལ་ཡོངས་མི་དམངས་ཚོའི་དོ་སྣང་བྱ་ཡུལ་ཏུ་གྱུར་པ་རེད།

        "ཞབས་བྲོའི་དགའ་གཏུགས། ཁམས་བདེའི་ཀྲུང་གོ"ཞེས་པ་བརྗོད་གཞི་བྱེད་པའི་《ཞབས་བྲོའི་རྒྱལ་པོ་སུ་ཡིན་》ཞེས་པའི་ཀྲུང་གོའི་ཐང་ཆེན་ཞབས་བྲོ་དམངས་ཁྲོད་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་སྤྱི་ཚོགས་ལུས་རྩལ་དོ་དམ་ལྟེ་གནས་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་ལུས་རྩལ་འཕྲིན་ལམ། ཀྲུང་གོའི་སྤྱི་ཚོགས་ལུས་རྩལ་སློབ་སྟོན་པའི་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་ཤིང་། 2016ལོའི་ཟླ་10ཚེས་28ཉིན་པེ་ཅིང་དུ་དངོས་སུ་འགྲན་བསྡུར་བྱེད་འགོ་ཚུགས་པ་རེད། འགྲན་བསྡུར་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས་31དང་ཤིན་ཅང་འཛུགས་སྐྲུན་དཔུང་སྡེ་བཅས་སུ་མང་འདེམས་འགྲན་བསྡུར་བྱེད་འགོ་ཚུགས་ཤིང་། འགྲན་ཁུལ་ཆེན་པོའི་འགྲན་བསྡུར་དང་། རྟིང་རྩོད་ཕྱེད་ཙམ་གྱི་འགྲན་བསྡུར། རྟིང་རྩོད་ཀྱི་འགྲན་བསྡུར་སོགས་ཛ་དྲག་ཆེ་བའི་འགྲན་བསྡུར་བྱས་པ་བརྒྱུད། མཐར་རྒྱལ་ཡོངས་ཀྱི་ཨང་དང་པོ་དང་། ཨང་གཉིས་པ། ཨང་གསུམ་པ་ཐོན་པ་རེད།

        《ཞབས་བྲོའི་རྒྱལ་པོ་སུ་ཡིན་》ཞེས་པའི་འགྲན་བསྡུར་གྱི་གར་སྟེགས་སུ་འཁྲབ་སྟོན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་དམངས་ཡོངས་ལུས་སྦྱོང་ལུས་རྩལ་ཞབས་བྲོའི་མཐུན་ཚོགས་རུ་ཁག་གིས་རིམ་པ་རེ་རེའི་ཉམས་དཔྱད་བརྒྱུད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཐོབ་པ་དང་དུས་མཚུངས་སུ་མཚོ་སྔོན་ས་ཁོངས་ཀྱི་མི་རིགས་ཀྱི་ཁྱད་ཆོས་རབ་ཏུ་ལྡན་པའི་ཧོར་རིགས་དང་ས་ལར་རིགས། ཧུའེ་རིགས། བོད་རིགས། སོག་རིགས་སོགས་མི་རིགས་མང་པོའི་ཞབས་བྲོའི་སྒེག་ཉམས་རྒྱལ་ཡོངས་ཀྱི་གཟིགས་མོ་བ་རྣམས་ལ་བསྟན་ནས་མི་སྔར་ལས་མང་བར་མཛེས་སྡུག་རྣམ་པར་བཀྲ་བའི་མཚོ་སྔོན་གྱི་ཡུལ་སྲོལ་གོམས་འདྲིས་སྣ་མང་རྒྱུས་ལོན་བྱེད་དུ་བཅུག་པ་རེད། གོང་གི་པར་རིས་ནི་རྟིང་རྩོད་འགྲན་བསྡུར་བྱ་ཡུལ་དངོས་ཡིན་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1