སྨན་གསར་ལུགས་ཀྱི་རྒྱུན་འཛིན་པ་བསྟན་འཛིན་གྱི་ཐང་ག་འགྲེམས་སྟོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 05-08


        ཐང་ག་ནི་བོད་མི་རིགས་ཀྱི་རི་མོའི་སྒྱུ་རྩལ་ནང་གི་དཔེ་མཚོན་ཞིག་ཡིན་པས་དེར་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྒྱུ་རྩལ་གྱི་རིན་ཐང་མཐོ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།  སྲོལ་རྒྱུན་གྱི་མི་རིགས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོབ་བྱེད་ཆེད་ལག་ཤེས་བྱང་ཆུབ་པའི་བཟོ་རྩལ་མཛེས་རིས་མཁས་ཅན་ཁག་གཅིག་འབུར་དུ་ཐོན་པ་དང་ཆབས་ཅིག  མཚོན་བྱེད་རང་བཞིན་གྱི་ཕུལ་བྱུང་བརྩམས་ཆོས་འབོར་ཆེན་ཡང་གཅིག་མཇུག་གཉིས་མཐུད་ངང་ཐོན་བཞིན་ཡོད། 
        སྤྱི་ཟླ་5པའི་ཚེས་4ཉིན།  སྨན་གསར་ལུགས་ཀྱི་ཐང་གའི་རྒྱུན་འཛིན་པ་བསྟན་འཛིན་མི་སྒེར་གྱི་བརྩམས་ཆོས་བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་འགྲེམས་སྟོན་བྱེད་འགོ་ཚུགས་པ་དང་འགྲེམས་སྟོན་དེ་དུས་ཡུན་ཉིན་ལྔ་སྤེལ་རྒྱུ་རེད།  ཤེས་རྟོགས་བྱས་པར་གཞིགས་ན།  ད་ཐེངས་ཀྱི་འགྲེམས་སྟོན་དེ་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་གཙོ་གཉེར་བྱས་པ་དང་།  ལྗོངས་མང་ཚོགས་སྒྱུ་རྩལ་ཁང་མངོན་མིན་རིག་གནས་ཤུག་བཞག་སྲུང་སྐྱོབ་ལྟེ་གནས་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་གླིང་བཅས་ཀྱིས་གཉེར་སྒྲུབ་བྱས་པ་རེད།
རྣམ་སྲས་ནག་ཐང་།

སྨན་ཐང་གསར་པ།
 
སྟོན་པའི་མཛད་པ་བཅུ་གཉིས།
        བསྟན་འཛིན་ནི་སྤྱི་ལོ་1982 ལོར་རིན་སྤུངས་རྫོང་དུ་སྐྱེས་པ་དང་ལོ་བཅུ་གསུམ་ནས་དགེ་རྒན་བསྟེན་ནས་ལྷ་རིས་སློབ་སྦྱོང་བརྒྱུད།  སྔ་ཕྱིར་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་གསུམ་པ་དང་བོད་ཀྱི་ཐང་གའི་འགྲེམས་ཚོགས་སྐབས་དྲུག་པ་སོགས་རྒྱལ་ཕྱི་རྒྱལ་ནང་གི་འགྲེམས་སྟོན་མང་པོར་ཞུགས་པ་དང་།  བརྩམས་ཆོས་མང་དག་ཞིག་ལ་འབྲེལ་ཡོད་མཁས་དབང་གི་གདེང་འཇོག་བཟང་པོ་ཐོབ་ཡོད།  གཞན་ཡང་།  སྤྱི་ལོ་2016ལོར་གཞིས་རྩེ་རིན་སྤུངས་སུ་རོང་བྱམས་ཆེན་སྲོལ་རྒྱུན་མི་རིགས་ལག་ཤེས་མཉམ་ལས་ཁང་བཙུགས་ནས་ཞིང་འབྲོག་པའི་བུ་ཕྲུག་མི་ཉུང་བར་རིན་མེད་ཐོག་ཐང་གའི་འབྲི་རྩལ་བསླབ་ནས་ལག་ཤེས་མཐར་ཕྱིན་ཏེ།  ད་ཆ་དགེ་ཕྲུག་ཁག་རང་ཉིད་ཀྱི་འཚོ་བའི་ཆུ་ཚད་ལེགས་བཅོས་དང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ལ་གཅིག་སྒྲུབ་གཉིས་ཕན་བྱུང་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1