མཛེས་རིས་མཁས་ཅན་གྱི་བརྩམས་བྱའི་འགྲེམ་སྟོན་གཉེར་ནས་ཨེའེ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-16


     

      ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།སྤྱི་ཟླ་7པའི་ཚེས་14ཉིན་རིག་གནས་པུའུ་དང་ཨེའེ་མིན་ཐེབས་རྩ་ལྷན་ཚོགས་དང་ཀྲུང་གོའི་རྒྱལ་ཁབ་དངོས་མང་བསྟན་རྫས་ཁང་གིས་མཉམ་འབྲེལ་ཐོག  མཛེས་རིས་མཁས་ཅན་གྱི་བརྩམས་བྱའི་འགྲེམ་སྟོན་གཉེར་ནས་ཨེའེ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་15འཁོར་བར་རྟེན་འབྲེལ་ཞུས།

     ད་རེས་ཀྱི་འགྲེམ་སྟོན་དེའི་ཐོག་ཨ་ཅའོ་མན་གྱི་མཛེས་རིས་མཁས་པ་55ཡི་བརྩམས་བྱ་བསྡུས་ནས་ཨེའེ་མིན་གྱི་མཛེས་རིས་བརྩམས་བྱའི་གསར་གཏོད་ཆུ་ཚད་མངོན་པར་བྱས།
     ཨེའེ་མིན་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་མང་རིང་ཨེའེ་མིན་གྱི་རིག་གནས་སྒྱུ་རྩལ་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་།   སྒྱུ་རྩལ་ལ་དགའ་མཁན་རྣམས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ།  གྲོང་མིའི་རིག་གནས་བྱང་ཚད་མཐོ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་འབད་བརྩོན་ཆེན་པོ་བྱས།
      ཨེའེ་མིན་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི། སྐུ་ཞབས་ཝུའུ་ཀྲེ་ལེང་གིས་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པར། ད་རེས་ཀྱི་འགྲེམ་སྟོན་འདི་བརྒྱུད། ཨེའེ་མིན་དང་སྐམ་ས་ཆེན་པོའི་བར་གྱི་རིག་གནས་སྒྱུ་རྩལ་སྤེལ་རེས་དང་།ཨེའེ་མིན་གྱི་མེས་རྒྱལ་གྱི་པང་དུ་ལོག་རྗེས་སྒྱུ་རྩལ་ཐད་ཐོབ་པའི་གྲུབ་འབྲས་མངོན་ཐུབ་པའི་རེ་བ་ཡོད་པ་མ་ཟད།ཨེའེ་མིན་ཞི་མཐུན་དང་བརྟན་ལྷིང་ངང་དར་རྒྱས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1