གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༠༨ཉིན།

སི་ཁྲོན་ཞིང་ཆེན་གྱི་ཆེས་ཆེ་བའི་པད་ཁའི་རྟེན་གཞི་རྟའུ་རུ་བཙུགས་པ།



        ད་ལོར། དཀར་མཛེས་ཁུལ་གྱི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་བྱ་དགོས་པའི་རེ་འདོད་ལྟར། རྟའུ་རྫོང་གིས་སྟོབས་ཤུགས་གཅིག་བསྡུས་སྒོས་ཐོན་ལས་འཛུགས་སྐྲུན་དང་རྣམ་གྲངས་མ་དངུལ་གཅིག་བསྡུས་སྒོས་ཐོན་ལས་གསར་འཛུགས་དང་། གཞི་ཁྱོན་གཅིག་བསྡུས་སྒོས་ཐོན་ལས་འཛུགས་པ་དང་ས་ཁོངས་གཅིག་བསྡུས་སྒོས་ཐོན་ལས་འཛུགས་པ་བཅས་ཀྱི་བསམ་བློའི་རྨང་གཞིའི་སྟེང་G350གཞུང་ལམ་འགྲམ་རྒྱུད་དུ་སྤྱི་ལེ་བརྒྱའི་ཞིང་ལས་ཐོན་ལས་ཁུལ་བསྐྲུན་ཏེ། རྫོང་ཡོངས་ཀྱི་པད་ཁ་འདེབས་འཛུགས་ཀྱི་རྒྱ་ཁྱོན་མོའུ་20074ཟིན་པ་རེད།
        རྟའུ་རྫོང་ཞི་བདེ་ཡུལ་ཤོག་གྱི་སྤྱིའི་རྒྱ་ཁྱོན་ལ་མོའུ་12000ཡོད། སྔོན་ས་གནས་དེ་གའི་མང་ཚོགས་རྣམས་ཀྱི་གྲོ་འདེབས་འཛུགས་ལ་གྲུབ་འབྲས་ལེགས་པོ་མ་སྨིན་ལ། དེ་བས་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་གཏང་ཆེད་དང་གནད་སྨིན་དབུལ་སྒྲོལ་ལ་རོགས་འདེགས་བྱ་ཆེད། མིག་སྔར་ཡུལ་ཤོག་ཡོངས་ཀྱི་དུད་ཚང་400ལྷག་གིས་ས་ཞིང་མོའུ་9753སྟེང་དུ་པད་ཁ་འདེབས་འཛུགས་བྱས་པ་རེད།
        རྫོང་ཞིང་འབྲོག་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་འགོ་ཁྲིད་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། རྟའུ་རྫོང་གིས་སི་ཁྲོན་ཞིང་ཆེན་གྱི་ཆེད་མཁས་མི་སྣ་འདེན་འདྲེན་ཞུས་ཏེ་པད་ཁ་འདེབས་འཛུགས་སྐོར་གྱི་ལག་རྩལ་མི་སྣ་གསོ་སྐྱོང་དང་དོ་དམ། གནོད་འབུ་སྔོན་འགོག ཚོང་གཉེར་སོགས་ཀྱི་ཐད་ནས་ཁྲིད་སྟོན་བྱས།།


39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1