གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༡༠ཉིན།

སེར་ཤུལ་རྫོང་གིས་རྩྭ་ཐང་གི་སྐྱེས་ཁམས་ཁོར་ཡུག་ལེགས་བཅོས་བྱས་པ།

        

        ཤེས་རྟོགས་བྱུང་བ་ལྟར་ན། སེར་ཤུལ་རྫོང་གི་རྩྭ་ཐང་གི་སྣོན་བཅུད་ཐོན་ཁུངས་ཇེ་ངན་དུ་གྱུར་བར་རྒྱུ་རྐྱེན་མང་པོ་མཆིས་པ་དང་། གནད་དོན་དེ་མང་པོ་གསུམ་དང་མི་འདང་བ་གསུམ་གྱི་བསྡུས་ཆོག་པ་རེད། མང་པོ་གསུམ་ནི་རྩྭ་ཐང་དུ་ནད་འབུ་མང་བ། གསུམ་འགྱུར་རྩྭ་ས་མང་བ། རང་བྱུང་གནོད་འཚེ་མང་བ་བཅས་གསུམ་ཡིན། མི་འདང་བ་གསུམ་ནི་རྩྭ་ཉུང་བ། རྩྭ་ཐང་གི་ལུད་ཉུང་བ། རྩྭ་ཐང་གི་ཐེག་ཐུབ་ཞན་པ་བཅས་གསུམ་ཡིན། རྫོང་ཡོངས་ཀྱི་བརྒྱ་ཆ་90ཡན་གྱི་རྩྭ་ཐང་ཚད་གཞི་མི་འདྲ་བའི་སྒོ་ནས་ཉམས་ཞན་དུ་ཕྱིན་ཡོད་ལ། རྩྭ་ཐང་གི་སྐྱེ་ཁམས་མ་ལག་འདྲ་མཉམ་མིན་པའི་གནད་དོན་མང་པོ་བྱུང་བ།

        མང་ཚོགས་ཀྱི་སྟོབས་ཤུགས་གཅིག་བསྡུས་བྱས་ཏེ་ཐུན་མོང་སྒོས་རྩྭ་ཐང་བཅོས་སྐྱོང་བྱ་ཆེད། ད་ལོ་ནས་བཟུང་། སེར་ཤུལ་རྫོང་མི་དམངས་འཐུས་ཚོགས་ཀྱིས་རྫོང་དང་ཐག་ཉེ་པ་དང་འགྲིམ་འགྲུལ་སྟབས་བདེ་ཡིན་པའི་ཕྱག་ཚྭ་གྲོང་སྡེ་རུ་འབྲེལ་གཏུག་ས་ཚིགས་ཞིག་བཙུགས་ཡོད། ས་ཚིགས་དེས་ཞིང་འབྲོག་ལས་ཁུངས་དང་ཆུ་དོན་ལས་ཁུངས་སོགས་དང་མཉམ་དུ་རྩྭ་ཐང་བཅོས་སྐྱོང་ཐད་ཀྱི་མ་ལག་གསར་པ་ཞིག་བཙུགས་ཡོད།


        སེར་ཤུལ་རྫོང་མི་དམངས་འཐུས་མི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་རེན་ལིའུ་ཙེ་ཡིས་བཤད་པ་ལྟར་ན། ད་ལོར་སེར་ཤུལ་རྫོང་གིས་ཐར་ཤུལ་ཚོད་ལྟ་ས་ཁུལ་དུ་མུའུ་ཁྲི་33རྩྭ་ཐང་སླར་གསོའི་འཛུགས་སྐྲུན་མ་ལག་བསྐྲུན་རྒྱུ་རེད། དང་པོར་ཚོད་ལྟ་བྱེད་པ་དང་གཉིས་པར་ཁྱབ་སྤེལ་གཏོང་བ། གསུམ་པར་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བ་བཅས་བྱེད་པའི་ཐབས་བཀོད་སྤྱད་ནས་ས་ཁུལ་གྱི་ཚན་རིག་དང་མཐུན་པའི་ལམ་བུ་གསར་པ་་ཞིག་གཏོད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1