བྷ་རེ་ཟེའི་ཙུང་ཐུང་གིས་ཀྲུང་གོར་རོགས་རམ་བྱས་ཏེ་ལྕགས་ལམ་སྐྲུན་རྒྱུའི་ཐུགས་རེ་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-16


      གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞིའི་མཇལ་མོལ་ཐེངས་དྲུག་པ་སྤྱི་ཚེས་15ཉིན་བྷ་རེ་ཟེ་རུ་གནང་རྒྱུ་ཡིན་པ་རེད།ཉིན་ཤས་གོང་།བྷ་རེ་ཟེ་གྱི་ཙུང་ཐུང་ལོ་སད་ཧྥུས།ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགོད་པར།ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རྒྱུར་རེ་བ་བྱས་པ་མ་ཟད།གོང་འཕེལ་འགྲོ་མགྱོགས་ཤོས་རྒྱལ་ཁབ་ཁྲོད་ཀྲུང་གོས་ཐོན་པའི་ནུས་པར་ཁས་ལེན་གང་ལེགས་གནང་ཡོད་པ་དང་།

      ལུའོ་སའེ་ཧྥུས།ད་ལོ་ནི་ཀྲུང་གོ་དང་བྷ་རེ་ཟེ་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཡིན་པ་དང་།རྒྱལ་ཁབ་གཉིས་པོ་ཁྱོན་ཡོངས་འཐབ་ཇུས་རོགས་པའི་འབྲེལ་བའི་དུས་མཚམས་སུ་སླེབས་ཡོད།སྐབས་འདིའི་བྷ་རེ་ཟེའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཐོགའགྲན་རའི་བདེ་འཇགས་ཞིབ་བཤེར་འཕྲུལ་ཆས་དང་དྲོ་གྲང་སྙོམས་སྒྲིག་འཕྲུལ་ཆས།འཕྲིན་གཏོང་སོགས་སྒྲིག་ཆས་ནས།འགྲན་བསྡུར་ཐོག་སྤྱོད་པའི་སྤོ་ལོ་དང་བཀྲ་ཤིས་མཚོན་རྟགས།སྤོ་ལོ་རྒྱག་ཆེད་ཀྱི་གྱོན་གོས་སོགས་ཀྲུང་གོས་བཟོས་པའི་ཚོང་ཟོག་གང་སར་མཐོང་རྒྱུ་ཡོད།ཡིན་ནའང་དེ་ནི་ཀྲུང་གོ་དང་བྷ་རེ་ཟེའི་ཉོ་ཚོང་ཉེ་ལམ་ལོ་ཤས་རིང་འཕར་སྣོན་མྱུར་པོ་ཕྱིན་པའི་བསྡུས་རིས་ཙམ་ཡིན་ཞེས་བསྟན་པ་དང་།ཁོང་གིས།ཁོང་ནས།བྷ་རེ་ཟེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་སྔར་བས་མང་བའི་ནང་སྦ་གསང་མེད་པའི་མཉམ་ལས་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་པ་དང་།
      ལུའོ་སའེ་ཧྥུས་ང་ཚོས་ཀྲུང་གོ་དེ་ཉིད་བྷ་རེ་ཟེའི་ལྕགས་ལམ་འཛུགས་སྐྲུན་རྣམ་གྲངས་ནང་ཞུགས་རྒྱུའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད།ལྕགས་ལམ་འཛུགས་སྐྲུན་ཐད་ཀྲུང་གོར་ལེགས་གྲུབ་ལྡན་པའི་མཉམ་མྱོང་དང་ཕུལ་དུ་བྱུང་བའི་ལག་རྩལ་ལྡན་ཡོད་པས།ང་ཚོས་ཀྲུང་གོས་བྷ་རེ་ཟེ་ལ་རོགས་རམ་བྱས་ཏེ།ལྕགས་ལམ་འཛུགས་སྐྲུན་བྱེད་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1