སེར་ཤུལ་གྱི་ཐབས་ལམ་དར་སྤེལ་བཏང་ཏེ་ཐུམ་འབུའི་ནད་སྔོན་འགོག་བྱ་དགོས།

ཚེ་འཛིན་སྒྲོལ་དཀར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-12


       

        སྤྱི་ཟླ་5པའི་ཚེས5ནས་7བར། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ལྷན། ནད་ཡམས་ཚོད་འཛིན་ཅུས་ཀྱི་ཅུས་ཀྲང་ལེ་ཀྲེན་ལུང་གི་སྣེ་ཁྲིད་འོག་རྟོག་ཞིབ་ལས་དོན་ཚན་ཆུང་དཀར་མཛེས་ཁུལ་དུ་ཐུམ་འབུའི་ནད་སྔོན་འགོག་ལས་དོན་ཐད་ལ་ལྟ་སྐུལ་དང་སློབ་སྟོན་གནང་པར་ཕེབས། རྟོག་ཞིབ་ཚན་ཆུང་སྔ་རྗེས་སུ་སེར་ཤུལ་རྫོང་གི་སེར་ཤུལ་གྲོང་སྡེ་དང་འབུམ་རྙིང་ཡུལ་ཤོག་མི་དམངས་སྲིད་གཞུང་། འཕྲོད་བསྟེན་ཁང་། སེར་ཤུལ་རྫོང་ཐུམ་འབུའི་ནད་སྔོན་འགོག་གཞུང་དོན་ཁང་། དཀར་མཛེས་རྫོང་མི་དམངས་སྨན་ཁང་། དཀར་མཛེས་ཁུལ་ཐུམ་འབུའི་ནད་སྔོན་འགོག་གཞུང་དོན་ཁང་། དཀར་མཛེས་ཁུལ་མི་དམངས་སྨན་ཁང་སོགས་འབྲེལ་ཡོད་ཀྱི་་ལས་ཁུངས་ཏུ་དངོས་སུ་ཕེབས་ཏེ། དཀར་མཛེས་ཁུལ་དང་སེར་ཤུལ་རྫོང་གིས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་ལ་རྟགས་དཔྱད་དང་ནད་པའི་སྨན་བཅོས་དང་དོ་དམ། གཞི་རིམ་གྱི་སྔོན་འགོག་མ་ལག་གི་ནུས་པ། སྒོ་ཕྱུགས་སོགས་ཀྱི་འགོ་ཁུངས་ཀྱི་དོ་དམ། ཁོར་ཡུག་བཅོས་སྒྱུར། འཐུང་ཆུ་བདེ་ཐང་སོགས་ཕྱོགས་ཡོངས་ནས་ཐུམ་འབུའི་ནད་ཀྱི་སྔོན་འགོག་གི་འབྲེལ་ཡོད་ལས་དོན་ཐད་ལ་ལྟ་སྐུལ་དང་སློབ་སྟོན་གནང་།།


རྩོམ་ཡིག་སྔོན་མ།
ཆུ་ལྷའི་དུས་ཆེན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1