མཛོད་དགེ་རྫོང་གིས་བོད་སྐད་ཡིག་གི་བཀོལ་སྤྱོད་ཚད་ལྡན་དུ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-15


        ཉེ་ལམ་བསྒྲགས་པའི་གནས་ཚུལ་ལྟར་ན། མཛོད་དགེ་རྫོང་གིས་བྱེད་ཐབས་གསུམ་སྤྱད་དེ་དོན་དངོས་དང་མཐུན་པར་བོད་སྐད་ཡིག་གི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བའི་ལས་ཀ་ལག་བསྟར་བྱས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། 
        མཛོད་དགེ་རྫོང་གིས་འགོ་ཁྲིད་རྩ་འཛུགས་ལ་ཤུགས་སྣོན་དང་འགན་ཁུར་ལས་བགོས་ཞིབ་གསལ་དུ་བཏང་བ། ནན་ཏན་གྱིས་ཏང་གི་མི་རིགས་སྲིད་ཇུས་ཀྱི་ཁྲིམས་སྲོལ་ལག་བསྟར་བྱས་ནས་རྫོང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་ཀ་ཁྱོན་ཡོངས་ནས་སྐུལ་སྤེལ་བཏང་། ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་དང་དུས་ཐོག་ཏུ་མཛོད་དགེ་རྫོང་གི་གྲངས་ཉུང་མི་རིགས་སྐད་ཡིག་ལས་ཀ་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ལེགས་སྒྲིག་བྱས་པར་མ་ཟད། སྲིད་གཞུང་གིས་སྣེ་ཁྲིད་དང་མི་དམངས་ཀྱིས་ལྟ་སྐུལ་བྱས་ཏེ་དྲིལ་བསྒྲགས་དང་རིག་གནས། བཟོ་ཚོང་། གྲོང་ཁྱེར་འཛུགས་སྐྲུན། སློབ་གསོ། གྲོང་ཁྱེར་དོ་དམ། མི་རིགས་ཆོས་ལུགས་སོགས་སྡེ་ཁག་གིས་སོ་སོས་རང་འགན་ཁུར་ནས་རྫོང་ཡོངས་ཀྱི་བོད་སྐད་ཡིག་ཚད་ལྡན་བཀོལ་སྤྱོད་ཀྱི་ལས་ཀར་དམ་འཛིན་བྱས། 
        མཐུན་སྦྱོར་མཉམ་ལས་ལ་སྐུལ་འདེད་བཏང་ནས་ལས་ཀའི་ཕན་ནུས་ལ་འགན་སྲུང་བྱས་པ། རྫོང་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལས་་ཀ་ལེགས་པར་བསྒྲུབ་ཆེད་སྔ་མོ་ནས་འཆར་འགོད་སྟ་གོ་བྱས་ནས་ད་ལོའི་ལོ་སྟོད་དུ་རྫོང་ཡོངས་ཀྱི་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ལས་ཀའི་མཐུན་སྦྱོར་གྲོས་ཚོགས་བསྡུས་ཏེ་སྡེ་ཁག་མང་པོས་མཐུན་སྦྱོར་མཉམ་འབྲེལ་བྱས་ཤིང་། གྲངས་ཉུང་མི་རིགས་ཀྱི་སྐད་དང་ཡི་གེའི་འབྲེལ་ཡོད་སྲིད་ཇུས་ཀྱི་སྒྲིག་སྲོལ་སྒྲོག་འགྲེལ་བྱས་ནས་རྫོང་ཡོངས་ཀྱི་ལས་ཁུངས་དང་སྤྱི་ཚོགས་བཟོ་ལས་ཁྱི་སྐད་ཡིག་ཚད་ལྡན་དོ་དམ་ལས་ཀར་སྐུལ་འདེད་བཏང་། 
        དོ་དམ་རྟོག་ཞིབ་ལ་ཤུགས་སྣོན་དང་ཡི་གེ་བཀོལ་སྤྱོད་ཚད་ལྡན་དུ་བཏང་། ཟླ་དང་པོ་ནས་ཟླ་བཞི་བའི་བར། སྔ་རྗེས་སུ་ཐེངས་གསུམ་ལ་རྫོང་ཡོངས་ཀྱི་ལས་ཁུངས་87ཡི་གཞུང་ཡིག་དང་གཞུང་ཐེལ། སྒོ་བྱང་སོགས་ཀྱི་བོད་རྒྱ་སྐད་གཉིས་ཡི་གེའི་ཚད་ལྡན་བཀོལ་སྤྱོད་ཀྱི་གནས་ཚུལ་དང་སྤྱི་ཚོགས་བཟོ་ལས་ཀྱི་བོད་ཡིག་ཚད་ལྡན་བཀོལ་སྤྱོད། དེ་མིན་བཟོ་ཚོང་དང་གྲོང་ཁྱེར་འཛུགས་སྐྲུན། གྲོང་ཁྱེར་དོ་དམ་སོགས་ཀྱི་སྐད་གཉིས་ཡི་གེ་བཀོལ་སྤྱོད་གནས་ཚུལ་དོ་དམ་དང་རྟོག་ཞིབ་བྱས་ནས་བོད་རྒྱ་སྐད་གཉིས་ཀྱི་ཚད་ལྡན་བཀོལ་སྤྱོད་ལ་རྨང་གཞི་བརྟན་པོ་བཏིངས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1