གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༡༦ཉིན།

དཀར་མཛེས་ཁུལ་གྱིས་གཅིག་སྡུད་སྒོས་གནོད་འཚེ་སྔོན་འགོག་གི་བྱེད་སྒོ་སྤེལ།

        དཀར་མཛེས་ཁུལ་གནོད་འཚེ་སྔོན་འགོག་ཅུས་ཀྱིས་སྣེ་ཁྲིད་བྱས་པའི་གནོད་འཚེ་སྔོན་འགོག་གི་བྱེད་སྒོ་དེ་དར་མདོའི་མཛའ་གཞས་ཐང་ཆེན་དུ་སྤེལ།
        བྱེད་སྒོའི་ཁྲོད། དཀར་མཛེས་ཁུལ་ནགས་ལས་ཅུས་དང་ཞིང་ཕྱུགས་ཅུས། རྒྱལ་ཁབ་ས་ཁོངས་ཅུས་སོགས་དཀར་མཛེས་ཁུལ་གནོད་འཚེ་སྔོན་འགོག་ཨུ་ལྷན་གྱི་ཁོངས་གཏོགས་ལས་ཁུངས(རྩ་འཛུགས)ཀྱིས་སྒྲིག་ཆས་འགྲེམ་སྟོན་དང་རང་བྱུང་གནོད་འཚེ་ངོ་སྤྲོད་ཀྱི་ལག་དེབ་དང་གནོད་འཚེ་སྔོན་འགོག་གི་ཤེས་བྱའི་ལག་དེབ། སྐབས་བསྟུན་ཤེས་བྱའི་སྒྲོག་འགྲེལ་སོགས་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་ཆ་འགྲེམ་སྤེལ་དང་ཡུལ་དངོས་ཀྱི་དྲི་བ་དང་ལེན་བྱེད་པ། མི་དམངས་ལ་གནོད་འཚེ་སྔོན་འགོག་དང་འབྲེལ་བའི་ནུས་རྩལ་དང་ཁྲིམས་སྲོལ་ལམ་ལུགས་ངོ་སྤྲོད་བྱས་པར་མ་ཟད། གནོད་འཚེ་སྔོན་འགོག་གི་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་གཏང་དགོས་པའི་གལ་ཆེན་རང་བཞིན་དྲིལ་བསྒྲགས་བྱས། 
        རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ་ལྔ་བ་ནི་གནོད་འཚེ་སྔོན་འགོག་དྲིལ་བསྒྲགས་ཀྱི་ཟླ་བ་ཡིན་ལ། ད་ལོར་དཀར་མཛེས་ཁུལ་གྱི་དྲིལ་བསྒྲགས་ཀྱི་བརྗོད་དོན་ནི་སྡོད་ཁུལ་གྱི་གནོད་འཚེ་ཉེན་ཁ་ཇེ་ཉུང་དང་གཞི་རིམ་གྱི་གནོད་འཚེ་ཇེ་ཆུང་དུ་གཏོང་བའི་ནུས་པ་མཐོར་འདེགས་སུ་གཏོང་ཞེས་པ་དེ་ཡིན་ལ། ཟླ་5པའི་ཚེས་8ཉིན་ནས་བཟུང་། འབྲེལ་ཡོད་སྡེ་ཁག་སྡོད་ཁུལ་དང་སློབ་གྲྭར་ཕྱིན་ནས་གནོད་འཚེའི་མངོན་མེད་རྒྱུ་རྐྱེན་ལ་ཞིབ་བཤེར་དང་ལེགས་བཅོས། གནོད་འཚེ་སྔོན་འགོག་གི་དྲིལ་བསྒྲགས། སྐུལ་སློང་བྱེད་སྒོ་སྤེལ་བར་མ་ཟད། རྒྱང་བསྒྲགས་དང་བརྙན་འཕྲིན། དུས་དེབ་དང་ཚགས་པར་སོགས་བརྒྱུད་དེ་རྒྱ་ཆེ་བའི་དྲིལ་བསྒྲགས་བྱས་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1