2017ལོའི་མཚོ་སྔོན་ཨ་མྱེས་གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་འགྲན་སྡུར་འགོ་བརྩམས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 05-18



        སྤྱི་ཟླ་5བའི་ཚེས་14ཉིན། རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཉམ་འབྲེལ་ཚོགས་པ་དང་ཨེ་ཤེ་ཡའི་གངས་ཤེད་རི་འཛེག་མཉམ་འབྲེལ་མཇུན་ཚོགས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་བསྒྲུབ་གནང་བའི་2017ལོའི་མཚོ་སྔོན་ཨ་མྱེས་གངས་དཀར་རྒྱལ་སྤྱིའི་གངས་ཤུད་རི་འཛེག་འགྲན་སྡུར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་རྫོང་གངས་དཀར་རི་བོ་ནས་བསྡུས་པ་དང་། ཀྲུང་གོ་དང་མ་ལེ་ཞེ་ཡ། ལྷོ་ཁོ་རེ་ཡ། དབྱི་རན། སུའེ་ཙེར། ཧྥ་རན་སེ། དབྱི་ཐ་ལི་སོགས་རྒྱལ་ཁབ་དང་ས་ཁུལ་གྱི་ཆུ་ཚད་ཆེས་མཐོ་བའི་ལུས་རྩལ་པ་65འགྲན་སྡུར་ལ་ཞུགས་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1