༄༅།།ཁྲིམས་ལུགས་ཀྱི་ཤེས་བྱ་ཁ་ཤས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-18


1、རང་ལོ་༡༤མན་གྱིས་ཉེས་ཁྲིམས་ཀྱི་ཐོག་ནས་འགན་འཁྲི་གང་ཡང་འཁུར་མི་དགོས། རང་ལོ་༡༤ནས་༡༦བར་གྱིས་ཉེས་རིཊ་བརྒྱད(རྐང་བཙུགས་ནས་མི་བསད་པ་དང་། རྐང་བཙུགས་གནོད་འཚེ་བཏང་མཐར་མི་ལ་རྨས་སྐྱོན་ཚབས་ཆེན་བཟོས་པའང་ཤི་བ། བཙན་གཡེམ། འཕྲོག་བཅོམ། དུག་རྫས་འདྲེན་ཚོང་། མེ་བརྒྱབ་པ། འབར་གས་བརྒྱག་པ། ཉེས་ཁའི་གནོད་རྫས་འདེབས་པ)ལ་གཏན་འབེབས་ལྟར་ཉེས་དོན་འགན་འཁྲི་འཁུར་དགོས། རང་ལོ་༡༨པར་སྲོག་ཁྲིམས་གཅོད་ཆོག
      རང་ལོ་༡༤མ་ལོན་པའི་བུ་མོར་ཇི་ལྟར་རང་མོས་ངང་སྤྱད་ཀྱང་། བཙན་གཡེམ་གྱི་ཉེས་པ་བསཊ་པར་གྲུབ།
2、མི་གསོད་དང་། འཕྲོག་བཅོམ། བཙན་གཡེམ། བཙན་ཁྲིད། དོན་རྐྱེན་ངན་པ་གཞན་དག་བཅས་ཐོན་བཞིན་པའི་སྐབས་སུ་ལུགས་མཐུན་འགོག་སྲུང་བྱེད་ཆོག  འོན་ཀྱང་གློག་དྲྭ་འཐེན་ནས་རྐུན་མ་འགོག་པ་ནི་ལུགས་མཐུན་འགོག་སྲུང་དུ་མི་བརྩི། དེར་གནད་དོན་ལྷག་ཚེ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས།
3、གན་རྒྱ་འཇོག་སྐབས་ངེས་པར་དུ་དེའི་ཡིག་ཆུང་ཟུར་མཆན་ཚུན་ཆད་བལྟ་ཀློག་བྱེད་དགོས་པ་མ་ཟད་ནང་དོན་ཧ་གོ་བ་བྱེད་དགོས། གན་རྒྱའི་ནང་གི་གཏན་དུ་འཁེལ་དཀའ་བ་དང་བསམ་འཆར་མ་མཐུན་པའི་དོན་ཚན་ལ་གྲོས་མོལ་བྱེད་འོས། གྲོས་མཐུན་མ་བྱུང་ཚེ་མིང་རྟགས་མ་བཀོད་ནའང་འགྲིགས་ཏེ་གན་རྒྱར་མིང་རྟགས་བཀོད་ཡོད་ན། དེར་ཁྲིམས་ལུགས་ཀྱི་ནུས་པ་ཡོད་པ་ཡིན། མཐའ་མ་རྙོག་འཛིང་བྱུང་མཚམས་“མིང་རྟགས་བཀོད་དུས་གན་རྒྱར་བལྟ་མྱོང་མེད་”ཟེར་བའི་སྐད་ཆར་བདེན་དཔང་རྩོད་བཤེར་གྱི་རིན་ཐང་ཅི་ཡང་མེད་དོ།
        མིང་རྟགས་བཀོད་ཅིང་ཐེལ་ཙེ་སྣོན་པའི་ཡིག་ཆ་དང་ཡིག་ཆའི་ནང་གི་བསྟན་དོན་ཡོད་ཚད་ལ་ཁྲིམས་ལུགས་ཀྱི་ནུས་པ་ཡོད་པ་མིན། གལ་འགངས་ཅུང་ཆེ་བའི་ཁྲིམས་འབྲེལ་བྱ་བ་བསྒྲུབ་སྐབས། ཡིག་དཔང་སྲུང་ཉར་བྱ་རྒྱུར་དོ་སྣང་མཛད་དེ་ཆུ་མ་ཤོར་གོང་ནས་ཆུ་རགས་བརྒྱག་དགོས།
4、གླ་འཁོར་ལ་བསྡད་དེ་ཁ་ལོ་བའི་ནོར་འཛོལ་དབང་གིས་སྐུ་ཉིད་རྨས་སྐྱོན་ཕོག་ཚེ། ཁྱེད་ཀྱིས་གླ་འཁོར་ཀུང་སིར་འབའ་འགལ་འགན་འཁྲིའམ་དབང་ཆ་རྡོག་རོལ་བཏང་བའི་འགན་འཁྲི་འཁུར་དགོས་པའི་རེ་བ་ཞུས་ཆོག རྒྱུ་མཚན་ནི་ཁྱེད་དང་གླ་འཁོར་ཀུང་སིའི་དབར་དུ་དབོར་འདྲེན་གན་རྒྱའི་འབྲེལ་བ་ཡོད་པའི་ཕྱིར་རོ།

5、ཁྱེད་ཀྱིས་རྒྱུ་ནོར་གང་ཞིག་མི་གཞན་ལ་སྟེར་སྤྲོད་བྱེད་པའི་བརྒྱུད་རིམ་ནང་ག་དུས་ཡིན་ཀྱང་བློ་འགྱོད་ཕྱིར་འཐེན་བྱེད་ཆོག འོན་ཀྱང་གཞུང་དཔང་བྱས་ཟིན་པའམ་ཡང་ན་གནོད་སེལ་དབུལ་སྐྱོབ་སོགས་ཀུན་སྤྱོད་འོས་འགན་དང་འབྲེལ་བའི་ཞལ་འདེབས་རྣམས་ཕྱི་འགྱོད་འཐེན་འཕྲི་བྱེད་མི་རུང་། དཔེར་ན། ས་ཁུལ་ཞིག་ཏུ་ས་ཡོམ་ཕོག་དུས་ཀུང་སི་ཞིག་གིས་སྒོར་xxཞལ་འདེབས་དབུལ་རྒྱུའི་ཁས་ལེན་བྱས་ཀྱང་རྗེས་སོར་དེ་ལྟར་མ་ཕུལ་ཚེ། དེར་གན་རྒྱའི་འོས་འགན་བསྒྲུབ་པའི་རེ་བ་འདོན་ཆོག་པ་ཡིན།
  
6、གཞན་ལ་དངུལ་གཡར་བའི་དཔང་རྟཊ་སུ་གཡར་འཛིན་ཁོ་ན་ཡོད་པས་དེ་ཙམ་མི་འདང་། ལྷག་པར་དུ་མ་དངུལ་འབོར་ཆེན་སྤྲོད་འཇལ་བྱེད་སྐབས་ཕར་ཕྱོགས་ལ་དངུལ་གཡར་འཕྲོད་པའི་འཛིན་དཔང་ཡོད་ན་ད་གཟོད་བློ་བདེ་བ་ཡིན་ནོ།
།  
7、སེམས་བཟང་བྱས་ཏེ་འགྲོ་ཞོར་དུ་གྲོགས་པོ་དང་ལས་རོགས་སོགས་རང་གི་རླངས་འཁོར་དུ་བཞག་ན་ལེགས་མོད་ཀྱང་། གལ་ཏེ་ལམ་བར་དུ་བྱུར་རྐྱེན་ཐོན་ནས་མི་ལུས་བདེ་ཐང་ལ་གནོད་འཚེ་ཕོག་ཚེ། ཁོང་ཚོས་ཁྱེད་ཉིད་ཁྲིམས་གཏུག་བྱས་ནས་གུན་གསབ་དགོས་པའི་རེ་བ་འདོན་ཆོག
8、ཁྱེད་ཀྱིས་གསོ་ཉར་བྱས་པའི་ཁྱི་སོགས་སྲོག་ཆགས་ལ་གཞན་གྱིས་ངར་སློང་བའི་དཔང་རྟགས་མེད་བཞིན་གཞན་ལ་རྨུག་ནས་རྨས་སྐྱོན་བཟོས་རིགས། ཁྱེད་ནས་འཛུམ་དམུལ་དམུལ་ངང་སྨན་རིན་འགྲོ་སོང་འདོན་རྒྱུ་ལས་འོས་མེད།
9、བཟའ་འཐོར་ཐོ་འགོད་བྱེད་པ་ནི་བཟའ་ཚང་ཁ་བྲལ་ངོ་མ་བྱེད་པ་ཡིན། བཟའ་འཐོར་བཅོས་མ་བྱེད་སྐབས་རྒྱུ་ནོར་འདྲ་མཉམ་མ་བགོས་པ་རྒྱུ་མཚན་དུ་བསྙད་དེ་ཞུ་གཏུག་བྱས་ཚེ། ཁྲིམས་ཁང་གིས་རྒྱབ་སྐྱོར་བྱེད་པར་དཀའ། རྒྱུན་དུ་མཐོང་རྟག་པ་ནི། སྡོད་ཁང་ཉོ་ཕྱིར་ཁྱོ་ཤུག་གཉིས་ཀྱིས་བཟའ་འཐོར་རྫུན་མ་བྱས་ནས་སྒུལ་མེད་རྒྱུ་ནོར་དེ་ཕྱོགས་གཅིག་གི་མིང་ཞབས་སུ་སྤོས་རྗེས། རྩེད་མོ་བདེན་པར་བསྒྱུར་ནས་ཕྱོགས་གཞན་དེ་བསྐྱུར་མཁན་ཡང་ཡོད་པ་ཡིན་ནོ།།
(ལྷ་མོའི་ཁྲིམས་བཤད་ཅེས་པའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1