དཔལ་ཡུལ་རྫོང་གི་རིག་གནས་ཐོན་ལ་གཟེངས་རྟགས་ཐོབ་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-19


        ཉེ་ལམ་བསྒྲགས་པའི་གནས་ཚུལ་ལྟར་ན། དཔལ་ཡུལ་རྫོང་གིས་ས་གནས་དེ་གའི་མིང་དུ་གྲགས་པའི་ཧོར་སྤོ་མི་རིགས་ལག་ཤེས་སྒྱུ་རྩལ་པ་རྩ་འཛུགས་བྱས་ཏེ་ཧྲིན་ཀྲིན་གྲོང་ཁྱེར་གྱི་སྐབས་བཅུ་གསུམ་པའི་ཀྲུང་གོ་ཧྲིན་ཀྲིན་རྒྱལ་སྤྱིའི་རིག་གནས་ཐོན་ལས་ཀྱི་བཤམས་སྟོན་བཟོ་ཚོང་ཚོགས་འདུ་ལ་ཞུགས། དུས་ཡུན་ཉིན་ལྔའི་རིང་གི་འགྲེམ་སྟོན་ཁྲོད་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་དངོས་མིན་ཤུལ་བཞག་རྒྱུན་འཛིན་པ། དཔལ་ཡུལ་རྫོང་ཧོར་སྤོ་མི་རིགས་ལག་ཤེས་སྒྱུ་རྩལ་པ་དཀོན་མཆོག་བསྟན་འཛིན་ལགས་འགྲན་ཞུགས་པ་2000ལྷག་ལས་རྣམ་པར་རྒྱལ་ཞིང་འགྲན་ཞུགས་བརྩམས་ཆོས་གཉིས་ལ་ཀྲུང་གོའི་བཟོ་བཀོད་མཛེས་རྩལ་རིག་གནས་གསར་གཏོད་ཀྱི་དངུལ་གྱི་རྟགས་མ་ཐོབ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1