སི་ཁྲོན་མི་རིགས་སློབ་གླིང་ལྕགས་ཟམ་རྫོང་དུ་གནས་སྤོ་བྱ་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-19



   སྤྱི་ཟླ་5པའི་ཚེས་18ཉིན། དཀར་མཛེས་ཁུལ་ཏང་ཨུ་ཀྲུའུ་ཅི་ལིའུ་ཁྲེན་མིང་དང་ཁུལ་ཏང་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་བཅས་ལྕགས་ཟམ་རྫོང་ཏུ་ཕྱིན་ཏེ་སི་ཁྲོན་མི་རིགས་སློབ་གླིང་གནས་སྤོ་བྱེད་ཡུལ་ལ་ཞིབ་རྟོགས་བྱས། ཡུལ་དངོས་སུ་ཞིབ་རྟོགས་བྱས་རྗེས་བཞུགས་མོལ་ཚོགས་འདུ་འཚོགས་སྟེ་གནས་ཚུལ་ཡར་ཞུ་མཉན། སི་ཁྲོན་མི་རིགས་སློབ་གླིང་གི་སློབ་ར་གསར་པ་འཛུགས་སྐྲུན་བྱེད་པའི་ལས་གཞིའི་གོ་སྐབས་དམ་འཛིན་བྱས་ཏེ། བཀོས་སྒྲིག་ལེགས་པོ་དང་རིམ་མཐོ་སྐུལ་འདེད། སྤུས་ལེགས་འཛུགས་སྐྲུན། ནུས་ཕྱོད་མཐོ་བའི་མཐུན་སྦྱོར་བྱ་དགོས་ཞེས་ནན་གྱིས་བསྟན། 
   ལིའུ་ཁྲེན་མིང་གིས་སི་ཁྲོན་མི་རིགས་སློབ་གླིང་གི་སློབ་ར་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་སྐབས་དྲུག་པའི་བོད་ལྗོངས་ལས་དོན་བཞུགས་མོལ་ཚོགས་འདུ་དང་སི་ཁྲོན་ཞིང་ཆེན་ཏང་ཨུ་ཡི་བོད་ཁུལ་གྱི་ལས་དོན་ཚོགས་འདུའི་དགོངས་དོན་གྱི་མཚོན་ཚུལ་ཞིབ་ཕྲ་དེ་ཡིན། སི་ཁྲོན་མི་རིགས་སློབ་གླིང་ནི་དཀར་མཛེས་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན་ལ་དཀར་མཛེས་ཁུལ་གྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་སའི་གནས་གཞི་གལ་ཆེ་ཞིག་ཀྱང་ཡིན། དཀར་མཛེས་བོད་རིགས་ས་ཁུལ་མུ་མཐུད་དུ་བདེ་ཐང་འཕེལ་རྒྱས་བྱུང་པའི་འགུལ་ནུས་གསར་པ་ཞིག་ཡིན། སི་ཁྲོན་མི་རིགས་སློབ་གླིང་གི་སློབ་ར་གསར་པ་འཛུགས་སྐྲུན་བྱེད་པའི་ལས་དོན་ལེགས་པོར་བསྒྲུབ་རྒྱུ་ནི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་པར་གལ་ཆེན་པའི་དོན་སྙིང་ལྡན་ལ། དེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་དག་གལ་ཆེ་གསུམ་དང་འབྲེལ་བ་དམ་ཟབ་ཡོད། ཤེས་ལྡན་མི་སྣ་གསོ་སྦྱོང་དང་ཤེས་ལྡན་མི་སྣའི་བརྟན་བརླིང་ལ་ཕན་པར་མ་ཟད། ལྕགས་ཟམ་རྫོང་གི་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལའང་ཕན་ནུས་ཆེན་པོ་ལྡན་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1