བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པའི་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་རིང་། ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 05-22


        ད་ལོའི་སྤྱི་ཟླ་5པའི་ཚེས་18ཉིན་ནི་རྒྱལ་སྤྱིའི་འགྲེམས་སྟོན་ཁང་ཉིན་མོ་ཐེངས་41 པ་དེ་ཡིན།  སྤྱི་ཚེས་18 ཉིན་གྱི་སྔ་དྲོར།  བོད་རང་སྐྱོང་ལྗོངས་རིག་དངོས་ཅུསདང་ལྷ་ས་གྲོང་ཁྱེར་རིག་དངོས་ཅུད་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་།  པོ་ཏ་ལའི་དོ་དམ་ཁྲུའུ་དང་བོད་ལྗོངས་འགྲེམས་སྟོན་ཁང་།  བོད་ལྗོངས་གཡག་རྟེན་མཛོད་གླིང་སོགས་ཀྱིས་གཉེར་འགན་ཁུར་ནས།  རྒྱལ་སྤྱིའི་འགྲེམས་སྟོན་ཁང་ཉིན་མོར་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་ཅེས་བརྗོད་དོན་གཙོ་བོར་བྱེད་པའི་མང་ཚོགས་རིག་གནས་བྱེད་སྒོ་ལྷ་སར་སྤེལ་བ་རེད།


གཡག་རྟེན་མཛོད་གླིང་གི་ཟུར་ཞིག


    གཡག་རྟེན་མཛོད་གླིང་གིས་འགྲེམས་སྟོན་བྱས་པའི་གཡག་གི་ཀེང་རུས། 
        བྱེད་སྒོའི་ནང་བོད་ལྗོངས་གཡག་རྟེན་མཛོད་གླིང་གི་དབུ་འཛིན་ཝུའུ་ཡུས་ཁྲུའུ་ཡིས་འགྲེམས་ཁང་གིས་གཡག་དང་འབྲེལ་བའི་པར་རིགས་བསྡུར་རུབ་བྱེད་སྒོ་སྤེལ་བ་བརྒྱུད།  མི་སྣ་12ཀྱིས་ད་ལྟའི་བར་ལོ་ངོ་4000ལྷག་ཙམ་ལྡན་པའི་ཆི་ཚང་རིག་གནས་ཀྱི་རྡོ་བརྐོས་དང་གཡག་ཀོ་ཐང་ག་སོགས་ལོ་རྒྱུས་ཀྱི་རིན་ཐང་དང་རིག་གནས་ཤུལ་བཞག་གི་རིན་ཐང་རྩ་ཆེའི་དངོས་རྫས་མང་པོ་ཡོད།  སྒྱུ་རྩལ་མཁས་དབང་ལེའུ་ཞའོ་ནིང་གི་རྒྱལ་སྤྱིར་འགྲེམས་སྟོན་བྱ་རྒྱུ་ཡིན་པའི་སྣུམ་པར་དང་ཐོག་ལྷ་སར་འགྲེམས་སྟོན་བྱས་པ་རེད།
        ཤེས་རྟོགས་བྱས་པར་གཞིགས་ན།  བོད་ལྗོངས་གཡག་རྟེན་མཛོད་གླིང་སྤྱི་ལོ་2014ལོའི་ཟླ་4ཚེས་18ཉིན་སྒོ་མོ་དབྱེ་བ་ནས་བཟུང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣས་དོ་སྣང་དང་ཚད་མཐོའི་གདེང་འཇོག་ཡག་པོ་ཐོབ་ཡོད།  ད་ལྟ་ལྷ་ས་གྲོང་ཁྱེར་གྱི་ལས་རིག་ཁག་གི་མང་ཚོགས་དང་ས་ཕྱོགས་ཁག་གི་ཡུལ་སྐོར་བ་མི་གྲངས་ཁྲི་ཚོ་15ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་དང་།  སྤྱི་ལོ་2016ལོའི་ཟླ་12ནང་པེ་ཅིང་དུ་གཡག་རྟེན་མཛོད་གླིང་གི་འགྲེམས་སྟོན་བྱེད་སྒོ་ཟླ་བ་གསུམ་སྤེལ་རིང་སྐུ་མགྲོན་མི་གྲངས་ཁྲི་ཚོ་31ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1