སེར་ཤུལ་རྫོང་དུ་ཐོག་མའི་རྩྭ་སྨན་གློག་རྡུལ་ཚོང་རའི་རྟེན་གཞི་འཛུགས་རྒྱུ་རེད།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-22



        སྤྱི་ཟླ་5པའི་ཚེས19ཉིན། ཁྲེན་ཏུའུ་ཐེན་ཏེས་དྲ་བའི་སེར་ཤུལ་བོད་སྨན་གློག་རྡུལ་ཚོང་རའི་རྟེན་གཞི་ལས་གཞིར་མིང་རྟགས་བཀོད་པའི་མཛད་སྒོ་སེར་ཤུལ་རྫོང་དུ་གཟབ་རྒྱུས་ངང་སྤེལ། འདི་ལས་ཆེས་ཐོག་མར་དེང་རབས་ཅན་གྱི་བོད་དྲ་བའི་བོད་སྨན་ཁེ་ལས་སེར་ཤུལ་རྫོང་དུ་བཙུགས་པ་མཚོན།
        ཤེས་རྟོགས་བྱུང་པར་ལྟར་ན། ཚོད་རྩིས་ལྟར་ན་ལས་གཞིའི་འདིར་མ་དངུལ་ཁྲི་5000གཏང་རྒྱུ་ཡིན་པ་དང་། ལས་གཞི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུའོ་10-30ཡོད་པ་རེད། ལས་གཞི་འདི་གཙོ་བོ་དྲ་ཐོག་ནས་ཞིང་ལས་ཐོན་རྫས་སྦྲེལ་མཐུད་དང་། ཀྲུང་ལུགས་དང་བོད་ལུགས་ཀྱི་སྨན་རྩྭ་ཉོ་ཚོང་གི་ཚོང་ར། ཐོག་མའི་ལས་སྣོན་གྱི་བཟོ་གྲྭ། ཚད་ལྡན་གྱི་མཛོད་ཁང་། རིག་གནས་འགྲེམ་སྟོན་ཁང་བཅས་བཞིས་གྲུབ་པ་སྟེ། སྲིད་གཞུང+ ཀུང་སི +མཉམ་ལས་ཁང+ ཞིང་འབྲོག་པའི་དུད་ཁྱིམ་གྱི་རྣམ་པ་ཞིག་ཡིན་པ་རེད།
        ལས་གཞི་འདི་ལེགས་པར་གྲུབ་རྗེས་ཕྱོགས་གཅིག་ནས་གློག་རྡུལ་ཚོང་གཉེར་རྟེན་གཞིས་ཐོན་ལས་ཀྱི་རིམ་འཕར་དང་ལེགས་བསྒྱུར་བྱས་ཏེ་ཀྲུང་ལུགས་དང་བོད་ལུགས་སྨན་རྩྭའི་ཟུར་སྣོན་གྱི་རིན་ཐང་སྔོག་འདོན་བྱེད་ཐུབ། ཕྱོགས་གཞན་ཞིག་ནས་སེར་ཤུལ་རྫོང་གི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་པར་ནུས་པ་གལ་ཆེན་ལྡན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1