༄༅།། ཉི་ཤར་གྱི་ཤིང་ཕོར།

རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 06-17



      ཤིང་ཕོར།
        བདེ་ཆེན་ཁུལ་གྱི་སྒམ་འགྲམ་གྲོང་མི་ཚོ་ཆུང་གིས་ཤིང་ཕོར་ཐོན་སྐྱེད་བྱེད་པའི་རྐྱེན་གྱིས་སྐད་གྲགས་སྔར་ལས་ཁྱབ་ཡོད། འདི་གའི་ཤིང་ཕོར་བཟོ་བའི་ལོ་རྒྱུས་ཡར་འདེད་ན་ལོ་200ལྷག་ཙམ་ཡོད། བཤད་རྒྱུན་ལྟར་ན། ལོ་རྒྱུས་ཐོག་སྐད་གྲགས་ཆེ་བའི་ཤིང་ཕོར་བཟོ་མཁན་མང་པོ་བྱུང་ཡོད་པས། གཞན་ཡུལ་གྱི་མི་མང་པོ་ཡུལ་འདིར་ཡོང་ནས་དགེ་རྒན་བསྟེན་པ་དང་ལག་རྩལ་སྦྱོང་བ་རེད། ད་ལྟ། ཤིང་ཕོར་བཟོ་བའི་སྲོལ་རྒྱུན་བཟོ་རྩལ་འདི་སྒམ་འགྲམ་གྲོང་མི་ཚོ་ཆུང་གིས་རྒྱུན་འཛིན་བྱས་ཤིང་། གྲོང་སྡེའི་ཞིང་དུད་མང་པོའི་ཕྱུག་འགྱུར་གྱི་ཐོན་ལས་སུ་གྱུར་ཡོད།
སེམས་ཀྱི་ཉི་ཟླའི་ཡུལ་སྐོར་ཐོན་ལས་དར་སྤེལ་བྱུང་བ་དང་བསྟུན། སྒམ་འགྲམ་གྲོང་མི་ཚོ་ཆུང་གི་ཤིང་བཟོས་བཟོ་རྩལ་ཐོན་རྫས་ཀྱི་ཁྲོམ་རའི་དགོས་མཁོ་ཡང་ཉིན་རེ་བཞིན་ཇེ་ཆེར་སོང་ཞིང་། གྲོང་མི་ཚོ་ཆུང་གི་མི་གྲངས་མང་ཤོས་ཀྱིས་ཤིང་བཟོས་ཐོན་རྫས་ཁྲོམ་རའི་འགྲོ་ཕྱོགས་ལ་ཡིད་ཆེས་བཅངས་ནས། ཤིང་བཟོས་ཐོན་རྫས་བཟོ་བའི་ཐོན་ལས་ཁྲོད་དུ་ཞུགས་ཡོད། སྒམ་འགྲམ་གྲོང་མི་ཚོ་ཆུང་གི་ཤིང་བཟོས་ཐོན་རྫས་ནི་སྔ་མའི་ཤིང་ཕོར་སྣ་གཅིག་བཟོ་བ་ལས་ད་ལྟའི་ཆང་ཆས་དང་། རྒྱན་ཆས་ཀྱི་སྒམ་བཅས་སྣ་མང་ཐོན་རྫས་སུ་རྒྱ་སྐྱེད་བྱེད་ཡོད། སྒམ་འགྲམ་གྲོང་སྡེའི་ཤིང་བཟོས་ཐོན་རྫས་ལ་སྤྱོད་སྒོ་ཆེ་བ་དང་སྤྱན་གཟིགས་ཀྱི་རང་བཞིན་ལྡན་པས། ཐོན་རྫས་ནི་ས་ཆ་འདི་གར་འཚོང་བ་ལས་གཞན། བོད་ལྗོངས་དང་དཀར་མཛེས་སོགས་ས་ཆར་འཚོང་བཞིན་ཡོད།།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1