གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༢༣ཉིན།

སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་འཚོ་བཅུད་ལེགས་བཅོས་འཆར་གཞིའི་ནང་ཚུད་པའི་སློབ་མའི་མི་འབོར་མ་ནོར་བ་བྱ་དགོས་ཞེས་བཏོན་པ།

         གསར་འགོད་པར་སྤྱི་ཚེས་བཅོ་བརྒྱད་ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་བརྡ་ཐོ་བཏང་ནས། གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་བཅོས་འཆར་གཞིའི་འབྲེལ་ཡོད་དོ་དམ་ལས་དོན་སྔར་ལས་ལྷག་པ་སྒྲུབ་ནས། སློབ་མའི་གྲངས་འབོར་དང་། ཁ་གསབ་ཚད་གཞི། དོན་དངོས་ཐོག་ཕན་པ་ཐོབ་པའི་སློབ་མའི་མི་གྲངས་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་དོ་དམ་ནན་པོ་བྱས་ནས། འཚོ་བཅུད་ལེགས་བཅོས་འཆར་གཞིའི་ནང་ཚུད་པའི་སློབ་མའི་མི་གྲངས་མ་ནོར་བ་བྱ་དགོས་པའི་བླངས་བྱ་བཏོན་འདུག 
        བརྡ་ཐོའི་ནང་། ཟས་རིགས་ཀྱི་བདེ་འཇགས་དོ་དམ་ལ་ཤུགས་སྣོན་རྒྱབ་ནས། ཟས་རིགས་མཁོ་འདོན་ཆོག་འཐུས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཟས་རིགས་མཁོ་འདོན་ཁེ་ལས་དང་ཚན་པར་ངེས་པར་དུ་བཟའ་བཏུང་ཞབས་ཞུའི་ཆོག་མཆན་ལག་ཁྱེར་ཐོབ་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་ནས་ཞིབ་མཆན་བཀོད་རྗེས་སློབ་མར་ཟས་རིགས་མཁོ་འདོན་ཆོག་པ་དང་། བཟའ་བྱ་མངགས་པའི་ཁྱིམ་ཚང་ངམ་མི་སྒེར་གང་ཡིན་རུང་ཆོག་འཐུས་ཆ་རྐྱེན་དང་འཚམས་དགོས་པ་མ་ཟད། འབྲེལ་ཡོད་སྡེ་ཁག་ནས་ཞིབ་མཆན་བཀོད་རྗེས་གཞི་ནས་བཟའ་བྱ་མཁོ་འདོན་ཆོག་གི་ཡོད་པ་རེད། །

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1