གཙོ་ངོས།>> གསར་འགྱུར།>>རྒྱལ་ནང་གསར་འགྱུར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༢༣ཉིན།

《རང་ཁྱིམ་གཙང་གསུམ་ཆུ་འགོར་ཡོད》ཅེས་པ་ཡོངས་བསྒྲགས་བྱས་པ།

        ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་གོ་ལ་ཧྲིལ་པོའི་ཁོར་ཡུག་ཐེབས་རྩའི་མཚོ་སྔོན་གཙང་གསུམ་ཆུ་འགོའི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་རྣམ་གྲངས《རང་ཁྱིམ་གཙང་གསུམ་ཆུ་འགོར་ཡོད》ཅེས་པའི་ཁོར་ཡུག་སློབ་གསོའི་ཀློག་དེབ་ཟི་ལིང་དུ་ཡོངས་བསྒྲགས་བྱས་པ་དེ་ནི་གཙང་གསུམ་ཆུ་འགོ་ཁུལ་གྱི་གྲོང་གསེབ་ཀྱི་སྣོད་བཅུད་ཁོར་ཡུག་སློབ་གསོའི་སློབ་གཞི་ཐོག་མ་དེའང་ཡིན་པ་རེད།
     གཙང་གསུམ་ཆུ་འགོ་ཁུལ་དེ་མཚོ་བོད་ས་མཐོའི་དབུས་སུ་ཆགས་པ་དང་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོ་ཡིན་ལ་གནམ་གཤིས་འགྱུར་ལྡོག་གི་ཚོར་སྐྱེན་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་ཚད་མཐོའི་གཅིག་སྡུད་ཁུལ་ཡང་ཡིན་ཞིང་། སྣོད་བཅུད་བདེ་འཇགས་འཐབ་ཇུས་ཀྱི་གནས་བབ་གལ་འགངས་ཧ་ཅང་ཆེན་པོ་ཡོད། མཚོ་སྔོན་ཞིང་ཆེན་གྱི་སྣོད་བཅུད་རྒྱུ་ནོར་དཔྱད་དཔོག་གྲངས་གཞི་ལས་མངོན་པར། གཙང་གསུམ་ཆུ་འགོ་ཁུལ་གྱི་སྣོད་བཅུད་རྒྱུ་ནོར་རིན་ཐང་སྒོར་དུང་ཕྱུར་ཁྲི་12.66(མི་དམངས་ཤོག་སྒོར)ཟིན་པ་དེས་མཚོ་སྔོན་གྱི་སྣོད་བཅུད་སྤྱིའི་རྒྱུ་ནོར་རིན་ཐང་གི་བཅུ་ཆ་བདུན་བཟུང་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། 《རང་ཁྱིམ་གཙང་གསུམ་ཆུ་འགོར་ཡོད》ཅེས་པ་དེས་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་འགོ་འཛུགས་སར་བྱས་པ་དང་གཙང་གསུམ་ཆུ་འགོ་ཁུལ་གྱི་གྲོང་གསེབ་སྣོད་བཅུད་ཁོར་ཡུག་སློབ་གསོའི་སློབ་གཞི་ཐོག་མ་དེ་ཡིན་པ་དང་དེའི་དམིགས་ཡུལ་ནི་ཕྲུ་གུར་གཙང་གསུམ་ཆུ་འགོར་དགའ་ཞེན་དང་སྲུང་སྐྱོང་བྱ་རྒྱུར་སྣེ་ཁྲིད་བྱས་ནས་མི་འབོར་དུང་ཕྱུར་མང་པོའི་སྣོད་བཅུད་ཆུ་འགོ་ཁུལ་སྲུང་ཆེད་ཡིན་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། 《རང་ཁྱིམ་གཙང་གསུམ་ཆུ་འགོར་ཡོད》ཅེས་པའི་དེབ་འདི་འཐབ་ས་དང་པོའི་བརྟག་ཞིབ་དང་ཐོག་མའི་དཔྱད་གཞིར་གཞིགས་ཏེ་རྩོམ་འབྲི་བྱས་པ་དང་། རྩོམ་འབྲི་བྱེད་པའི་བརྒྱུད་རིམ་ཁྲོད་ཡུལ་དེའི་གཏམ་དཔེ་དང་དམངས་གཞས་དང་དེ་བཞིན་བོད་རིགས་ཀྱི་སྲོལ་རྒྱུན་ཚོན་མདོག(སྤྱོད་པ)གི་གོམས་གཤིས་སྤྱད་དེ་ཡི་གེ་དང་པར་རིས་མཉམ་བཀོད་ཀྱི་རྣམ་པའི་ཐོག་ནས་མངོན་པ་དང་འབྲེལ་ཡུལ་དེའི་དགེ་རྒན་དང་། བོད་རིག་པའི་རིགས་གཅིག་མཁས་ཅན། རིག་གནས་ལས་དོན་པ། གྲྭ་བཙུན་སོགས་ཀྱི་བསམ་འཆར་དང་གྲོས་འགོ་ཉན་པ་དང་། དེབ་ཧྲིལ་པོར་ཡིག་འབྲུ་ཁྲི་12.5ཡོད་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་གཞི་ཧྲུའུ་ཡི་ཨེ་ཤེ་ཡ་ཁུལ་གྱི་འགན་འཁུར་བས་དེབ་འདི་ལས་གཙང་གསུམ་ཆུ་འགོར་དམིགས་སུ་ལྡན་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་རིགས་དང་། ས་ཁམས་ས་དབྱིབས་ཀྱི་ཁྱད་ཆོས། དེ་བཞིན་འབྲེལ་ཡོད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གཞི་རྒྱུ་བཅས་ཤེས་རྟོགས་ཐུབ་པ་དང་ཆབས་ཅིག་ཡི་གེ་དང་པར་རིས་མཉམ་བཀོད་ཀྱི་རྣམ་པ་སྤྱད་པས་ཕྲུ་གུ་ཚོའང་ལྟ་བདེ་པོ་ཡོད་ཅེས་བཤད་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1