མཛོད་དགེ་རྫོང་གིས་རྒྱལ་ཡོངས་ཀྱི་དབང་སྐྱོན་རོགས་སྐྱོར་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ སྤེལ་དུས། 05-24


        ཉེ་ལམ། མཛོད་དགེ་རྫོང་གིས་དབང་སྐྱོན་སྔོན་འགོག་དང་བདེ་ཐང་འཚར་ལོངས་བརྗོད་དོན་དུ་བཟུང་བའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་གོམ་གང་མདུན་སྤོས་སྒོས་དབང་པོ་སྐྱོན་ཅན་གྱི་ལས་དོན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད། 
        བོད་རྒྱ་སྐད་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་པོ་སྐྱོན་ཅན་གྱི་འགན་སྲུང་བཅའ་ཁྲིམས།》དང་《དབང་པོ་སྐྱོན་ཅན་གྱི་ལས་ཞུགས་ཁྲིམས་སྲོལ།》《དབང་པོ་སྐྱོན་ཅན་གྱི་སློབ་གསོ་ཁྲིམས་སྲོལ།》སོགས་ཁྲིམས་ལུགས་དང་ཁྲིམས་སྲོལ་འགྲེལ་བཤད་བྱས་པར་མ་ཟད་འབྲེལ་ཡོད་ཤེས་བྱའི་ཡིག་ཆ་འགྲེམ་སྤེལ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་དབང་པོ་སྐྱོན་ཅན་ལ་དོ་ཁུར་བྱེད་ཤུགས་མཐོར་འདེགས་སུ་བཏང་།  དེ་མིན་རྒན་བཀུར་ཁང་གི་དབང་པོ་སྐྱོན་ཅན་གྱི་རྒན་རྒོན་25ལ་འཚམས་འདྲིའི་དངུལ་4000སྤྲད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1