གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༢༤ཉིན།

དབུལ་སེལ་གྱི་ལམ་དུ་བསྐྱོད་པའི་ཧ་ཁྱུང་སྡེ་པ།

        བརྒྱད་ཟིལ་རྫོང་ཧ་ཁྱུང་སྡེ་པ་ད་ལྟ་མགྱོགས་མྱུར་ངང་ཞིང་ལས་ཞིང་སྡེ་བཅོས་བསྒྱུར་གྱི་ལམ་དུ་བསྐྱོད་བཞིན་ཡོད་པ་དང་། འབད་པ་ཆེན་པོས་ཞིང་ཆེན་རིམ་པའི་ལེགས་པོ་བཞི་ལྡན་གྱི་སྡེ་པ་འཛུགས་སྐྲུན་བྱས་ཏེ་རྫོང་ཡོངས་མ་ཟད། ཁུལ་ཡོངས་སུ་འབྱོར་འབྲིང་ཕྱུག་འགྱུར་གྱི་སྔོན་གྲས་སུ་བསྐྱོད་བཞིན་ཡོད་པ་རེད། 

        ད་ལོའི་ཟླ་བཞི་བའི་ནང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིང་གིས《2017ལོའི་བོད་ཁུལ་གྱི་དམངས་འཚོའི་ལས་གཞི་ཆེན་པོ་དྲུག་གི་འཆར་འགོད་སྤྱིའི་ལས་ཀའི་ཇུས་གཞི》དང་། དབུལ་སྐྱོར་དཀའ་སེལ་ལས་ཀ་དང་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད། སློབ་གསོ་འཕེལ་རྒྱས་དར་སྤེལ། སྨན་བཅོས་འཕྲོད་བསྟེན་རིམ་འཕར། རིག་གནས་འཕེལ་རྒྱས་དར་སྤེལ། བོད་ཁུལ་གྱི་སྡོད་ཁང་གསར་པའི་འཛུགས་སྐྲུན་བཅས་ལག་བསྟར་ཇུས་གཞི་དྲུག་པར་འགྲེམ་བྱས་ཤིང་། སྔོན་རྩིས་བྱས་པ་ལྟར་ན་ད་ལོའི་དམངས་འཚོའི་ལས་གཞི་ཁག་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་66.69གཏང་རྒྱུ་རེད།

        ཇུས་གཞི་ལྟར་ན་བོད་ཁུལ་གྱི་དམངས་འཚོ་ལས་གཞིའི་འཆར་གཞི་ལས་སྔར་ལས་འབུར་དུ་ཐོན་པར་དབུལ་སེལ་འགག་སྒྲོལ་གཙོ་གནད་དུ་འཛིན་རྒྱུ་དང་།  བོད་ཁུལ་གྱི་དམངས་འཚོ་ལས་གཞིའི་འཆར་གཞི་ཁྲོད་ཀྱི་དབུལ་སྐྱོར་དཀའ་སེལ་འཆར་འགོད་ལས་གཙོ་བོ་བོད་ཁུལ་གྱི་རོགས་སྐྱོར་བྱ་ཡུལ་ཁྲི་8.22ཡི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་གཏང་རྒྱུ་ཡིན་པར་མ་ཟད། ཡིག་ཚགས་དང་བྱང་བུ་བཟོས་པའི་ཞིང་འབྲོག་མང་ཚོགས་ཁྲི་1.65གནས་གཞན་དུ་སྤོས་ནས་བཀོད་སྒྲིག་བྱ་རྒྱུ་རེད། 

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1