ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲ་སྒྲིག་གྲོས་ཚོགས་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-24


        སྤྱི་ཟླ་5པའི་ཚེས་23ཉིན། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གྲ་སྒྲིག་གྲོས་ཚོགས་ཁྲེན་ཏུའུ་ནས་འཚོགས། གྲོས་ཚོགས་སུ་ཞུགས་དགོས་པའི་འཐུས་མི་དང་ཆེད་དུ་གདན་ཞུས་བྱས་པའི་འཐུས་མི་870དང་ཚོགས་འདུར་དངོས་སུ་འབྱོར་བའི་འཐུས་མི་857ཡོད་ལ། འདི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན། གྲོས་ཚོགས་སྟེང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ལྷན་གྱི་ཁོངས་མིའི་གྲོས་འཆར་མིང་ཐོ་དང་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མིའི་གྲོས་འཆར་མིང་ཐོ། ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡི་སྡེ་ཁག་སྒྲིག་བཀོད་དང་ལས་ཀའི་འོས་འགན(འཆར་ཟིན།) ། ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོའི་གྲོས་འཆར་མིང་ཐོ། ཚོགས་ཆེན་གྱི་གྲོས་རིམ(འཆར་ཟིན།)ལ་གྲོས་འཆམ་བྱུང་། བློ་མཐུན་ཝང་ཏུང་མིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་། 
        ཝང་ཏུང་མིང་གིས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་དོན། ཞིང་ཆེན་གྱི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་རྒྱལ་ཁའི་དུས་རིམ་དུ་སླེབས་པ་དང་འབད་པ་ཆེན་པོས་རང་ཞིང་གི་དེང་རབས་ཅན་འཛུགས་སྐྲུན་རྒྱང་སྐྱོད་གསར་པ་ཞིག་ལ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་སྟེ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ཁྲི་476དང་མི་རིགས་སོ་སོའི་མི་དམངས་ཁྲི་9000ཡི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་རེད། ཁོང་གིས་འཐུས་མི་རྣམས་ཀྱིས་ཏང་དང་མི་དམངས་ལ་ཚད་མཐོན་པོའི་འགན་ཁུར་གྱི་རྣམ་འགྱུར་དང་ཆབ་སྲིད་ཀྱི་སྤྲོ་སེམས། བསམ་བློའི་འཁྱེར་ཕྱོགས་ཡང་དག་པ་བཟུང་ནས་རང་འགན་ནན་གྱིས་བསྒྲུབ་པ་དང་།  སྒྲིག་ཁྲིམས་ནན་གྱིས་སྲུང་བ།  བློ་རྩེ་གཅིག་ཏུ་བཏད་ནས་ཚོགས་འདུ་འཚོགས་པར་མ་ཟད། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུ་ལ་གཟབ་ཉན་དང་ཞིབ་བཤེར་བྱ་དགོས། གཏིང་ཟབ་པའི་སྒོ་ནས་མ་འོངས་པའི་དུས་སྐབས་ཤིག་གི་རང་རེའི་ཞིང་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཏང་གི་འཛུགས་སྐྲུན་ཁྲོད་ཀྱི་གནད་དོན་ལ་བགྲོ་གླེང་གཏིང་ཟབ་བྱ་དགོས་པར་མ་ཟད།  ཏང་དང་མི་དམངས་ཀྱིས་གནང་བའི་ཁེ་དབང་དང་འོས་འགན་ཡང་དག་པར་ལག་བསྟར་བྱས་ཏེ་སྐབས་གསར་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན།  ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་ལེགས་པོར་གདམ་དགོས་པ་དང་།  རང་རེའི་ཞིང་ཆེན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པར་ཞུགས་པའི་འཐུས་མི་སོགས་ལེགས་པོར་གདམ་དགོས།  ཚང་མས་མཉམ་དུ་འབད་བརྩོན་བྱས་པ་ལ་བརྟེན་ནས།  ཐེངས་འདིའི་ཏང་གི་འཐུས་མི་ཚོགས་ཆེན་ནི་རྒྱལ་དར་མཐོ་སྒྲེང་། སྲོང་ཤིང་སྲུང་སྐྱོབ། དམངས་གཙོ་མཐུན་སྒྲིལ། གོམས་སྲོལ་ལེགས་པོ། སེམས་ཤུགས་གཅིག་སྒྲིལ། བློ་སྤོབས་ཆེར་བསྐྱེད་ཀྱི་ཚོགས་འདུ་ཞིག་འཚོགས་ཐུབ་པ་བྱ་དགོས། གོམ་གང་མདུན་སྤོས་སྒོས་མཐུན་སྒྲིལ་ངང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་མི་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་གཏོད་ཡར་སྐུལ་དང་འབད་བརྩོན་དོན་གཉེར་གྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟར་དང་། འབད་པ་ཆེན་པོས་མཆོང་བསྐྱོད་གཉིས་མངོན་འགྱུར་བྱས་ཏེ་མགྱོགས་མྱུར་ངང་མཛེས་ཤིང་དར་བའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པ་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ལ་སྐུལ་འདེད་བཏང་ནས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་དུ་བཅུག་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁའི་དུས་རིམ་དུ་ཡང་བསྐྱར་བྱས་རྗེས་གསར་པ་བཞག་ནས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་བྲི་བར་འབད་པ་བྱ་དགོས་ཞེས་གསུངས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1