གཙོ་ངོས།>> གསར་འགྱུར།>>རྒྱལ་སྤྱི་གསར་འགྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། ༢༠༡༤ལོའི་ཟླ་བ་༠༧ཚེས་༡༧ཉིན།

2014ལོའི་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་བསྡུར་མཇུག་བསྒྲིལ།

        འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱས་པའི་2014ལོའི་འཛམ་གླིང་བུམ་པའི་རྐང་གྲུག་ གྱི་རྟིང་རྩོད་རིམ་པའི་འགྲན་བསྡུར་ཏེ་2014ལོའི་ཟླ་7པའི་ཚེས་14ཉིན་གྱི་ཞོགས་པའི་དུས་ཚོད་3གྱི་སྟེང་དངོས་སུ་སྤེལ།  ཐེངས་འདིའི་འཛམ་གླིང་བུམ་པའི་རྐང་གྲུག་འགྲན་བསྡུར་ཏེ་2014ལོའི་ཟླ་བ་6པའི་ཚེས་12ཉིན་ནས་ཟླ་བ་7པའི་ཚེས་13ཉིན་གྱི་བར། གླིང་ཆེན་ཨ་མེ་རི་ཁ་ལྷོ་མའི་རྒྱལ་ཁབ་བྷ་རེ་ཟེའི་མངའ་ཁོངས་ཀྱི་གྲོང་ཁྱེར་12ཀྱི་རྐང་རྩེ་སྤོ་ལོ་ཐང་12སུ་སྤེལ་ཡོད།  ཐེངས་འདིའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་ནང་ཞུགས་མཁན་འཛམ་གླིང་ཡོངས་ནས་ཡོང་བའི་སྤོ་ལོ་རུ་ཁག་ཁྱོན་བསྡོམས་32ཡོད་ཅིང་།   ཁྱོན་བསྡོམས་འགྲན་བསྡུར་ཐེངས་མ་64བྱས་མཐར།  འཇར་མན་རྐང་གྲུག་སྤོ་ལོ་རུ་ཁག་གིས་2014ལོའི་འཛམ་གླིང་བུམ་པའི་རྟིང་རྩོད་འགྲན་བསྡུར་དུ་ཨ་ཀེན་ཐི་རྐང་གྲུག་རུ་ཁག་ལས་རྣམ་པ་རྒྱལ་ཏེ་མཐའ་མཇུག་གི་གསེར་གྱི་རྟགས་མ་ཐོབ་པ་དང་།  ཨ་ཀེན་ཐེན་གྱི་རྐང་གྲུག་རུ་ཁག་ལ་དངུལ་གྱི་རྟགས་མ་ཐོབ།  ཧོ་ལན་རྐང་རྩེད་སྤོ་ལོ་རུ་ཁག་ལ་ཨང་གསུམ་པའི་བྱ་དགའ་ཐོབ།  མེའེ་སིའི་ལ་ཕུལ་བྱུང་གི་རྐང་རྩེད་སྤོ་ལོ་རུ་ཁག་གི་བྱ་དགའ་ཐོབ།  ལའོ་ཏེ་ལི་ཀའེ་སི་ལ་གསེར་ལྷམ་གྱི་བྱ་དགའ་ཐོབ་པ་རེད།

       དེ་མིན།  འཇར་མན་རྐང་རྩེས་སྤོ་ལོ་རུ་ཁག་གི་སྒོ་སྲུང་ནུ་དབྱི་ཨར་ལ་གསེར་གྱི་ལག་ཤུབས་ཀྱི་བྱ་དགའ་ཐོབ།  ཧྥ་རན་སི་རྐང་རྩེད་སྤོ་ལོ་རུ་ཁག་གི་པོ་ཀུ་པ་ལ་ཕུལ་བྱུང་གསར་སྐྱེས་ཀྱི་བྱ་དགའ་ཐོབ།  ཁོ་ལོམ་པི་ཡ་རྐང་རྩེད་སྤོ་ལོ་རུ་ཁག་ལ་འདྲ་མཉམ་འགྲན་བསྡུར་གྱི་བྱ་དགའ་ཐོབ།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1