སི་ཁྲོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དེ་རིང་ཁྲེན་ཏུའུ་རུ་འཚོགས་འགོ་ཚུགས་པ།

གངས་ལྗོངས་ཉི་གཞོན། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-24


        སྤྱི་ཟླ་5པའི་ཚེས་24ཉིན། ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཁྲེན་ཏུའུ་རུ་འཚོགས།
        ཐེངས་འདིའི་ཚོགས་ཆེན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་རྒྱལ་ཁའི་དུས་རིམ་དུ་སླེབས་པ་དང་འབད་པ་ཆེན་པོས་རང་ཞིང་གི་དེང་རབས་ཅན་འཛུགས་སྐྲུན་རྒྱང་སྐྱོད་གསར་པ་ཞིག་ལ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པས་གཅིག་འདོམས་བྱས་ཏེ། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་བྱ་བའི་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཤིང་། བཅོས་སྒྱུར་གསར་གཏོད་དང་བློ་བརྟན་ཡར་ཐོན་གྱིས་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟར་དང་། འབད་པ་ཆེན་པོས་མཆོང་བསྐྱོད་གཉིས་མངོན་འགྱུར་བྱས་ཏེ་མགྱོགས་མྱུར་ངང་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པ་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ལ་སྐུལ་འདེད་བཏང་ནས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁའི་དུས་རིམ་དུ་ཡང་བསྐྱར་བྱས་རྗེས་གསར་པ་བཞག་ནས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་བྲི་བ་ཞེས་པ་དེ་རེད།
        སྔ་དྲོའི་ཆུ་ཚོད་8དང་སྐར་མ་30སྟེང་ཞིང་ཆེན་ཡོངས་ཀྱི་ས་གནས་སོ་སོ་ནས་ཕེབས་པའི་འཐུས་མི་800ལྷག་གིས་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ཁྲི་467དང་རིགས་སོ་སོའི་མི་དམངས་ཁྲི་9000ཡི་རེ་བཅོལ་དང་ལོ་རྒྱུས་དུས་རབས་ཀྱི་འོས་འགན་ཕྲག་ཏུ་ཁུར་ནས་བློ་སྤོབས་ཆེར་སྐྱེད་ཀྱིས་ཅིན་ཅང་ཚོམས་ཆེན་དུ་བསྐྱོད།
        ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཚོགས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། 
        ཀྲུའུ་ཞིའི་ཚོགས་པའི་མདུན་གྲལ་དུ་བཞུགས་པའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མི་རྣམས་ནི་ཝང་ཏུང་མིང་དང་དབྱི་ལི། ཏེང་ཞའོ་ཀང་། ཧོང་ཞིན་ཁྲུའུ། ཝང་ཡན་ཧྥེ། ཧྥན་རུའེ་ཕིན། ཝང་ཉིང་། ཚུའེ་པའོ་ཧྭ། ཆི་མོའོ་ཧྲི་ཧ། ཀན་ལིན། ཏེང་ཡོན། ཧོང་ཅན་ཧྥ། ཁྲེན་ཀོང་ཀྲི་བཅས་རེད།
        ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་མཁན་ལ་ད་དུང་ཆེད་དུ་ཚོགས་ཆེན་ལ་གདན་ཞུ་གནང་བའི་ཀྲུང་གོ་མི་དམངས་བཅིང་གྲོལ་དམག་གི་ནུབ་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་ཆབ་སྲིད་ལས་ཀ་པུའུ་ཡི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་བཞེས་པའི་ཧི་ཕིང་། ནུབ་རྒྱུད་འཐབ་ཁུལ་མཁའ་དམག་གི་ཆབ་སྲིད་ཨུ་ཡོན་གཞོན་པ་ཀྲུང་ཝེ་གོ་ཡོད་པ་རེད།
        ཞིང་ཆེན་གྱི་བློ་མཐུན་རྒན་པ་ཧི་ཧོ་ཅུས། ཧྥེན་ཡོན་ཝེ། ལིའོ་པོ་ཁང་། དབྱང་གླིང་རྡོ་རྗེ། ཞེ་ཧྲི་ཅེ། ནེ་རོན་ཀོས། སུང་པའོ་རུའེ། ཀྲང་ཀྲུང་ཝེ། དེ་མིན་རྒྱལ་ཡོངས་དམངས་ཆེན་གྱི་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཅང་ཅུས་ཧྥིན། རྒྱལ་ཡོངས་སྲིད་གྲོས་ཀྱི་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐའོ་ཝོ་ཞན་བཅས་ཚོགས་ཆེན་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བཞུགས།
        ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་ལ་ཁྱོན་བསྡོམས་འཐུས་མི་870དང་དེ་ལས་ཆེད་ཞུའི་འཐུས་མི་10ཡོད་ལ། ཚོགས་ཆེན་གྱི་འགོ་ཚུགས་མཛད་སྒོར་ཞུགས་པའི་འཐུས་མི་861ཡོད་པ་རེད།

        སྔ་དྲོའི་ཆུ་ཚོད་དགུའི་སྟེང་། དབྱི་ལི་ཡིས་ཚོགས་ཆེན་གྱི་མཛད་སྒོ་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཚོགས་ཞུགས་འཐུས་མི་རྣམས་ཡར་ལངས་ཏེ་མཉམ་དུ་རྒྱལ་གླུ་བླངས།

ཚོགས་འདུའི་ཡུལ་དངོས།

      སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཝང་ཏུང་མིང་གིས་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཚོགས་ཆེན་ལ《བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་དང་སི་ཁྲོན་བཅོས་སྐྱོང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པར་འཕེལ་བར་སྐུལ་འདེད་གཏང་དགོས།》ཞེས་པའི་བརྗོད་གཞིའི་སྙན་ཞུ་ཕུལ། སྙན་ཞུ་ལ་ནང་དོན་བཅུ་ཡོད་དེ། གཅིག བློ་སྤོབས་ལྡན་པའི་འབད་པ་དོན་གཉེར་གྱི་ལོ་ལྔའི་བརྒྱུད་རིམ། གཉིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་ཁྱོན་ཡོངས་ལ་གཅིག་འདོམས་བྱེད་པ། གསུམ། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དེ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའི་ཇུས་འགོད་ཆེན་མོར་སྐུལ་འདེད་གཏོང་བ། བཞི། གཏིང་ཟབ་པའི་སྒོ་ནས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། ལྔ། རྒྱུན་མཐུད་ངང་བཅོས་སྒྱུར་རྒྱ་བསྐྱེད་དང་སྒོ་འབྱེད་ལ་ཟབ་སྤེལ་གཏོང་བ། དྲུག དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ལས་མཐའ་གཅིག་ཏུ་རྒྱལ་བ་དང་སྤྱི་ཚོགས་དང་དམངས་འཚོའི་བྱ་གཞག་འཕེལ་རྒྱས་སྐུལ་ལ་འདེད་གཏོང་བ། བདུན། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་ཐོག་མར་ལྗང་མདོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ། བརྒྱད། ནན་ཏན་གྱིས་བསམ་བློ་དང་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དགུ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འཕེལ་རྒྱས་ལ་ཧུར་ཐག་བྱེད་པ། བཅུ། ཁྱོན་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་གོང་འཕེལ་གཏིང་ཟབ་གཏོང་བར་སྐུལ་འདེད་བྱེད་པ།

        ཝང་ཏུང་མིང་གིས་གསུང་རྒྱུར། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔ་འཛིན་ཕྱི་གཏོད་དང་ཧུར་བརྩོན་རྒྱལ་སྐྱོང་བྱས་པ་དང་། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་ཀྲུང་ཧྭ་མི་རིགས་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་ཁ་ཕྱོགས་སུ་མདུན་དུ་བསྐྱོད་དེ། རྣམ་པར་བཀྲ་བའི་ལོ་རྒྱུས་དེབ་ཐེར་བྲིས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མཐོང་ལམ་གསར་པ་གསར་འབྱེད་བྱས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས་འདུ་ཤེས་བཞི་བརྟན་པོར་འཛུགས་དགོས་ཤིང་། སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ། སྔར་ལས་ལྷག་པའི་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་ཚད་མཐོན་པོས་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སི་ཁྲོན་ལ་དོན་འཁྱོལ་ནན་མོ་བྱ་དགོས།

ཚོགས་འདུའི་ཡུལ་དངོས།

        ཝང་ཏུང་མིང་གིས་གསུངས་རྒྱུར། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཚོགས་ཚུན་གྱི་ལོ་ལྔའི་རིང་། སི་ཁྲོན་ནི་ཆེས་སྤྱིར་བཏང་མ་ཡིན་པའི་འབད་འཐབ་ཀྱི་ལམ་བུ་ཞིག་བརྒྱུད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བརྟན་བརླིང་གི་སྣེ་ཁྲིད་འོག ཞིང་ཆེན་ཏང་ཨུ་ཡིས་དམ་ཟབ་སྒོས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་རྒྱབ་རྟེན་དང་མཐུན་སྒྲིལ་བྱས་ཏེ། ཆབ་སྲིད་ཀྱི་ངེས་ཤུགས་བརྟན་པོར་རྒྱུན་འཁྱོངས་དང་འཕེལ་རྒྱས་ཀྱི་ངེས་ཤུགས། རུལ་སུངས་ལ་ཆད་གཅོད་ཀྱི་ངེས་ཤུགས་གཅིག་སྒྲིལ་བྱེད་པ། གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་ནན་ཏན་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། དོན་མཐུན་དངོས་གཉེར་དང་འགག་སྒྲོལ་དཀའ་སེལ་བྱས་ནས་སི་ཁྲོན་གྱི་བྱ་གཞག་སོ་སོར་གྲུབ་འབྲས་གལ་ཆེན་གསར་པ་ཐོབ་ཏེ། དཔལ་འབྱོར་གྱི་བདེ་ཐང་འཕེལ་རྒྱས་རྒྱུན་མཐུད་བྱུང་བ་དང་དམངས་འཚོ་མུ་མཐུད་དུ་ལེགས་བཅོས་བྱུང་བ། སྤྱི་ཚོགས་ཡོངས་འཆམ་མཐུན་བརྟན་བརླིང་དང་། ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་སྙིང་སྟོབས་ཆེར་བསྐྱེད་ཀྱི་རྣམ་པ་བཟང་པོ་ཆགས་པ་རེད།
        ཝང་ཏུང་མིང་གིས་གསུངས་རྒྱུར། བལྟས་ན་སྤྱིར་བཏང་བ་དེ་དོན་དུ་ཆེས་ཐུན་མོང་མ་ཡིན་པ་དང་། བསྒྲུབ་ན་སླ་བ་དེ་དོན་དུ་ཆེས་དཀའ་ཁག་ཆེ། འདས་ཟིན་པའི་ལོ་ལྔའི་ནང་། སི་ཁྲོན་དམིགས་བསལ་གྱི་འགལ་བ་མང་པོ་དང་ཉམས་ཚོད་གལ་ཆེན་ལ་འཕྲད་ཡོད། ང་ཚོས་དཀའ་བ་ཁྱད་དུ་བསད་ཅིང་འགན་འཁྲི་ཕྲག་ཏུ་བླངས་ཏེ་འཕེལ་རྒྱས་ཀྱི་འཐབ་ཇུས་ངེས་ཤུགས་ལ་གཅིག་ཏུ་སྒྲིམ་པ་རྒྱུན་འཁྱོངས་དང་། བློ་བརྟན་འགྱུར་མེད་ངང་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བར་སྐུལ་འདེད་བཏང་། ཁྱོན་ཡོངས་ནས་འབྱོར་འབྲིང་མཉམ་བསྐྱོད་ལ་དམིགས་ཤིང་ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་གཅིག་སྡུད་བྱས་ཏེ་དབུལ་སེལ་གག་སྒྲོལ་གྱི་གཡུལ་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་བླངས། ས་གནས་ཀྱིས་གཙོ་གཟུགས་འགན་འཁྲི་ཕྲག་ཏུ་ཁུར་ཏེ་སྟོབས་ཤུགས་ཆེར་བསྐྱེད་ཀྱིས་ཡོམ་འགོག་གནོད་སེལ་དང་གེགས་རྗེས་བསྐྱར་སྐྲུན་བྱེད་པར་རྒྱལ་ཁ་གལ་ཆེན་བླངས། ཕྱོགས་བསྡུས་ཇུས་འདོན་དང་རྩ་ལག་མཉམ་བཅོས་བྱས་ནས་མི་རིགས་ས་ཁུལ་གྱི་འབྱོར་ཕྱུག་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ལ་རྒྱུན་མཐུད་སྐུལ་འདེད་ཤུགས་ཆེར་བཏང་། བློ་བརྟན་འགྱུར་མེད་སྒོས་ནན་གྱིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ལ་སྐུལ་འདེད་བཏང་ཞིང་གཅིག་བསྡུས་ངང་རུལ་སུངས་ལ་ཆད་གཅོད་དང་སྤྱོད་ཚུལ་ལེགས་བཅོས་དང་སྒྲིག་ལམ་ནན་སྲུང་། དཔོན་ལུགས་དཔོན་སྲོལ་གསར་འདོན་བྱེད་པའི་འགག་སྒྲོལ་གྱི་གཡུལ་འཐབ་དང་ཡུན་རིང་བའི་དམག་འཐབ་ཅིག་བརྒྱབ་པ་རེད། ལོ་ལྔའི་རིང་འབད་པ་ལྷུར་ལེན་གྱིས་དོན་དངོས་མཐུན་གཉེར་བྱས་ཏེ། ཁ་ཕྱོགས་ནན་འཛིན་ཁྲོད་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོར་བཅངས་པ་དང་། དཀའ་སེལ་འགག་སྒྲོལ་ཁྲོད་གྲུབ་འབྲས་བླ་མེད་ཐོབ། གསར་གཏོད་ཡར་བརྩོན་ཁྲོད་འཕེལ་རྒྱས་ཀྱི་ལེའུ་གསར་པ་བསྐྲུན་པ་རེད། ཝང་ཏུང་མིང་གིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། རྒྱ་ཆེའི་ཏང་ཡོན་དང་རིགས་སོ་སོའི་མི་དམངས། དེ་མིན་ཞིང་ཆེན་ཡོངས་ཀྱི་ལས་ཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་དང་བློ་མཐུན་རྒན་པ། དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ཚོགས་པ། རིགས་སོ་སོའི་མི་དམངས་ཚོགས་པ་དང་ལས་རིགས་ཁག་གི་མི་སྣ། བཅིངས་འགྲོལ་དམག་དང་སི་ཁྲོན་དུ་བཅའ་སྡོད་བྱས་པའི་དྲག་ཆས་ཉེན་རྟོག་དཔུང་སྡེ་དང་སི་ཁྲོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་ལས་ཁུངས། སི་ཁྲོན་ཞིང་ཆེན་གྱི་ཡོམ་འགོག་གནོད་སེལ་དང་གེགས་རྗེས་བསྐྱར་སྐྲུན། དབུལ་སེལ་འགག་སྒྲོལ་བཅས་ལ་རོགས་སྐྱོར་གནང་བའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས་དང་སྤུན་ཟླ་ཞིང་ཆེན(ཆུས་གྲོང་ཁྱེར)། དེ་མིན་སི་ཁྲོན་གྱི་འཛུགས་སྐྲུན་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར། ཟབ་ཞུགས་བྱས་པའི་རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་ཡོངས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།
        ཝང་ཏུང་མིང་གིས་གསུང་རྒྱུར། ལོ་ལྔའི་ཧུར་བརྩོན་གྱི་རྒྱུད་རིམ་ལ་ཕྱིར་དྲན་བྱས་པ་ལས། ང་ཚོས་ཀྲུང་དབྱང་གི་བསམ་བློ་དང་སི་ཁྲོན་གྱི་དངོས་ཡོད་གནས་ཚུལ་ཟུང་འབྲེལ་དམ་ཟབ་གཏོང་བ་རྒྱུན་འཁྱོངས་དང་།  གསར་གཏོད་རང་བཞིན་ལྡན་པའི་ལས་དོན་སྤེལ་བས།  སི་ཁྲོན་གྱི་ལས་དོན་ལེགས་པོ་བསྒྲུབ་པའི་ངེས་ཤེས་ཇེ་ཟབ་ཏུ་བཏང་།  འདི་ནི་ཁ་ཕྱོགས་གནད་དོན་གྱིས་ཐོག་མཐའ་བར་གསུམ་དུ་སི་ཁྲོན་འཕེལ་རྒྱས་གཏོང་བའི་ལས་དོན་རྒྱལ་ཕམ་ལ་གཏན་འབེབས་བྱེད་པའི་རྩ་བ་རེད།  ངེས་པར་དུ་རང་འགུལ་གྱིས་བསམ་བློ་དང་ཆབ་སྲིད།  འགུལ་སྐྱོད་སོགས་ཀྱི་ངོས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་མཐུན་རྒྱུན་འཁྱོངས་བྱས་ཏེ། ལས་དོན་འཕེལ་རྒྱས་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པ་དང་།   སི་ཁྲོན་གྱི་གཞི་རྩའི་གནས་ཚུལ་གྱིས་འཕེལ་རྒྱས་ནི་ནམ་ཡང་འོས་འགན་དང་པོ་ཡིན་པ་ཐག་བཅད་པ་རེད། དཔལ་འབྱོར་འཛུགས་སྐྲུན་དེ་ངེས་པར་དུ་ཞིང་ཆེན་དར་རྒྱས་ཡོང་བའི་ཐབས་དམ་པ་དང་།  གསར་གཏོད་སྒུལ་ཤུགས་ཀྱི་བསྒྱུར་བཀོད་འཕེལ་རྒྱས་གཙོ་གནད་འོས་འགན་དུ་བཟུང་ནས་མགྱོགས་མྱུར་སྒོས་གཞན་སྒྱུར་རིམ་འཕར་གྱི་འགག་སྒོ་འདི་ལས་སྒྲོལ་བར་ཤུགས་སྣོན་དང་།  སི་ཁྲོན་གྱི་ལས་དོན་ནི་སྣ་མང་རྙོག་འཛིང་ཆེ་བ་ཞིག་ཡིན་སྟབས།  ངེས་པར་དུ་དོན་ཆེན་ལ་ཉེན་གཡོལ་མི་བྱེད་པ་དང་གཅིག་སྡུད།  ཇུས་འགོད་དོན་གཉེར་བྱེད་པ་དང་འགན་འཁྲི་ཁུར་ཕོད་པར་བྱ་དགོས།  འཛེར་མ་གདབ་པ་ལྟ་བུའི་སྙིང་སྟོབས་ཀྱིས་ལས་དོན་དོན་འཁྱོལ་བྱས་ནས་དམིགས་ཡུལ་མངོན་འགྱུར་ཡོང་བ་བྱ་དགོས།  སི་ཁྲོན་དར་སྤེལ་གཏོང་བ་ནི་ཁྲིམས་སྐྱོང་ལག་བསྟར་ནན་མོ་བྱ་རྒྱུ་རག་ལས་ཡོད་པས།  ངེས་པར་དུ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པའི་འཐབ་ཇུས་འོས་འགན་དང་འགག་རྩའི་ལས་གཞིར་དམ་འཛིན་བྱེད་པ་དང་།  སྤྱི་ཚོགས་བདེ་འཇགས་དང་ཡུན་རིང་བདེ་འགོད་ལ་འགན་སྲུང་བྱ་དགོས།  ལས་དོན་འཕེལ་རྒྱས་ཀྱི་ནུས་ཤུགས་གཙོ་བོ་ནི་མི་དམངས་ལ་ཐུག་ཡོད་པས།  ངེས་པར་དུ་ནམ་ཡང་མི་དམངས་མང་ཚོགས་ཀྱི་སྤྲོ་སྐྱིད་ལྡན་པའི་འཚོ་བའི་རེ་འདུན་དེ་འབད་པ་བྱེད་པའི་དམིགས་ཡུལ་ལ་འཛིན་པ་དང་།  རྒྱུན་ཆད་མེད་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ལ་རྒྱལ་ཁ་གསར་པ་ལེན་དགོས།  ཏང་གི་རླབས་ཆེ་བའི་བཟོ་སྐྲུན་གྱིས་ཏང་གི་རླབས་ཆེ་བའི་ལས་དོན་ལ་འགན་སྲུང་བྱས་ཡོད་པས།  ངེས་པར་དུ་གཡོ་བ་མེད་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས།  སི་ཁྲོན་གྱི་ལས་དོན་ཁག་གི་འཕེལ་རྒྱས་ལ་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས།  

        ཝང་ཏུང་མིང་གིས་གསུང་རྒྱུར། ཏང་གི་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ།  ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལོ་རྒྱུས་ཀྱི་དུས་རིམ་གལ་ཆེན་ཞིག་ཏུ་སླེབས་ཡོད་པ་རེད།  ཆེས་ཐག་གཅོད་རང་བཞིན་གྱི་ཆབ་སྲིད་གྲུབ་འབྲས་ནི།  ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་ལྡན་པའི་རླབས་ཆེན་གྱི་འཐབ་རྩོད་མང་པོའི་ཁྲོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གོ་གནས་གྲུབ་པ་དང་གཏན་འཁེལ་བྱས་པ་རེད།  དུས་རབས་རང་བཞིན་ལྡན་པའི་གཞུང་ལུགས་ཀྱི་གྲུབ་འབྲས་ནི་ཏང་གི་བསམ་བློའི་མཛུབ་སྟོན་དུས་དང་བསྟུན་པར་སྐུལ་འདེད་གཏོང་བ་དེ་ཡིན་ལ། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ།  འཐབ་ཇུས་གསར་པ་སོགས་གྲུབ་པ་རེད།  ཆེས་དཔེ་མཚོན་རང་བཞིན་ཅན་གྱི་ལག་ལེན་གྲུབ་འབྲས་ནི།  ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་བཅོས་སྒྱུར་ཟབ་སྤེལ་གཏོང་བ།  ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་པ་དང་ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བ་བཅས་ཀྱི་རྣམ་པ་གསར་པའི་སྲིད་ཇུས་ལག་བསྟར་གནང་།  རླབས་ཆེ་བའི་ལག་ལེན་གསར་པ་ལ་དམིགས་ནས།  ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ།  འཐབ་ཇུས་གསར་པ་བཅས་ལ་འགྱུར་བ་སྤུ་ཙམ་ཡང་མི་གཏང་བར་བསམ་བློའི་དར་ཆར་འཛིན་པ་དང་། དེ་མིན་ཚན་རིག་གི་སྣེ་ཁྲིད་དང་རྩ་བའི་གཞི་འཛིན་སར་ངོས་བཟུང་ནས།  དུས་དང་རྣམ་པ་ཀུན་ཏུ་སི་ཁྲོན་གྱི་ལས་ཀ་ཁག་ལ་གཅིག་འདོམས་བྱ་དགོས།   བརྒྱ་ལོ་གཉིས་ཀྱི་དམིགས་ཡུལ་མངོན་འགྱུར་འབྱུང་བའི་དམིགས་འབེན་ལ་དམིགས་ནས་འབད་པ་ཆེན་པོས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་འབྲི་དགོས།  དུས་དང་རྣམ་པ་ཀུན་ཏུ་ཡིད་རྟོན་བཞིའི་ཆབ་སྲིད་ལངས་ཕྱོགས་རྒྱུན་འཁྱོངས་བྱས་ནས།  ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱལ་སྲིད་པའི་ཡིད་ཆེས་བརྟན་པོ་ཡོད་དགོས།  མཐུན་སྦྱོར་ངང་ཁྱོན་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་སྐུལ་འདེད་བཏང་ནས་གཅིག་སྡུད་སྒོས་སི་ཁྲོན་གྱི་ལས་དོན་ཁག་གི་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཡོང་བར་སྐུལ་འདེད་གཏང་དགོས།  འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོར་འཛུགས་པ་དང་རང་རྟོག་གིས་ལག་བསྟར་བྱས་ནས།  རྒྱུན་རྣམ་གསར་པའི་འོག་གི་སི་ཁྲོན་གྱི་འཕེལ་རྒྱས་ལམ་བུ་གསར་པའི་ནང་དུ་བསྐྱོད་དགོས།  དུས་དང་རྣམ་པ་ཀུན་ཏུ་བརྟན་བརླིང་ངང་འཕེལ་རྒྱས་ཕྱིན་པའི་སྤྱིའི་རྨང་གཞི་དང་རྒྱལ་སྐྱོང་སྲིད་གཉེར་གྱི་རྩ་དོན་གལ་ཆེན་འདི་རྒྱུན་འཁྱོངས་བྱས་ནས།  སི་ཁྲོན་གྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་བརླིང་རྒྱང་སྐྱོད་བྱེད་པར་འགན་སྲུང་བྱ་དགོས། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་དོན་ཐོག་ཏུ་འཁྱོལ་བ་དང་།  ཏང་ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་ཚད་དང་མཐུན་པའི་རྒྱུགས་སྐར་ཤིག་དབུལ་དགོས།  

ཚོགས་འདུའི་ཡུལ་དངོས།

        ཝང་ཏུང་མིང་གིས་གསུང་རྒྱུར། བརྒྱ་ལོ་གཉིས་ཀྱི་དམིགས་འབེན་གྱི་ལོ་རྒྱུས་བསྣོལ་མཚམས་ནས་ལངས་ཏེ་སི་ཁྲོན་གྱི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་དང་།  ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་བྲི་བར་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་མའོ་ཙེ་ཏུང་གི་དགོངས་པ།  ཏེང་ཞའོ་ཕིང་གི་རིག་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་དོན་གལ་ཆེན།   ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ།  འཐབ་ཇུས་གསར་པ་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་།  རང་འགུལ་གྱིས་ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་ཁུར་ཞིང་།  ལོ་རྒྱུས་ཀྱི་གནས་བབ་ལ་ངོས་འཛིན་ཡང་དག་པ་བྱེད་པ།  སྐབས་སྔོན་མའི་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་བཞག་པའི་རྨང་གཞི་བརྟན་པོའི་ཐོག   ཚན་རིག་དང་མཐུན་པའི་སྒོ་ནས་དུས་རབས་ཀྱི་བསམ་བློ་ལྡན་ཞིང་།  སི་ཁྲོན་གྱི་ཁྱད་ཆོས་མངོན་པ་དང་མི་དམངས་ཀྱི་སེམས་འདུན་དངོས་སུ་མཚོན་ཐུབ་པའི་འཕེལ་རྒྱས་ཀྱི་འཆར་གཞི་ལ་ཕྱོགས་དགོས།  མ་འོངས་པའི་འཕེལ་རྒྱས་ལ་རྒྱང་ལྟ་བྱས་ནས།  མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་ཞིག་འཛུགས་སྐྲུན་བྱེད་པའི་དམིགས་ཡུལ་བཟང་པོ་ལ་ནུས་པ་ཡོད་རྒུ་འདོན་དགོས།  དུས་དང་རྣམ་པ་ཀུན་ཏུ་མཆོང་བསྐྱོད་གཉིས་ཀྱི་འབད་བརྩོན་ལ་དམིགས་ནས་བློ་རྩེ་བརྟན་པོས་མདུན་དུ་བསྐྱོད་པ་དང་།  དཔལ་འབྱོར་ཕྱོགས་བསྡུས་དངོས་ཤུགས་དང་མི་དམངས་ཀྱི་འཚོ་བའི་སྤུས་ཚད།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན། རིག་གནས་དར་སྤེལ་འཕེལ་རྒྱས། དེང་རབས་བཅོས་སྐྱོང་ནུས་པ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་མངོན་འགྱུར་བྱ་དགོས་པར་མ་ཟད། མ་འོངས་པའི་ལོ་ལྔའི་ནང་གཏིང་ཟབ་པའི་སྒོ་ནས་ཟུར་མང་སྣེ་མང་གིས་འདེགས་གཞིའི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ་ས་ཁུལ་མཐུན་སྦྱོར་མཉམ་དར་དང་ཐུན་མོང་མཆོང་སྐྱོད་རིམ་འཕར་གྱི་རྣམ་པ་གསར་པ་སྒྲིག་འཛུགས་བྱ་དགོས། དེ་མིན་གཏིང་ཟབ་པའི་སྒོ་ནས་ཅན་གཉིས་མཉམ་འགུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་གཅིག་གྱུར་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་དང་ཅན་བཞི་མཉམ་འཕེལ། གྲོང་ཁྱེར་དང་གྲོང་རྡལ་མཉམ་དུ་དར་རྒྱས་གོང་འཕེལ་དུ་ཕྱིན་པའི་རྣམ་པ་གསར་པ་སྒྲིག་འཛུགས། སྒུལ་ཤུགས་བསྒྱུར་བཀོད་རྒྱུན་མཐུད་དང་འཕེལ་རྒྱས་སྤུས་འདེགས་རིམ་འཕར་གྱི་རྣམ་པ་གསར་པ་བཅས་སྒྲིག་འཛུག་བྱ་དགོས།
        ཝང་ཏུང་མིང་གིས་གསུང་རྒྱུར། མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་ནན་ཏན་སྒོས་“གསུམ་ཕྲི་གཅིག་ཕབ་གཅིག་གསབ”ལ་སྐུལ་འདེད། ཤུགས་ཆེན་པོས་ཐོན་ལས་གནས་རིམ་མཐོ་འབྲིང་ལ་བསྒྱུར་བར་སྐུལ་འདེད་གཏང་དགོས་པར་མ་ཟད། ཞིང་ལས་མཁོ་འདོན་ལོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་མགྱོགས་མྱུར་ངང་རྣམ་པ་གསར་པའི་གྲོང་རྡལ་ཅན་དུ་འཕེལ་བར་སྐུལ་སྤེལ་དང་དཔལ་འབྱོར་རྒྱུན་མཐུད་བརྟན་བརླིང་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་གཏང་དགོས།   རྒྱུན་མཐུད་ངང་བཅོས་སྒྱུར་སྒོ་འབྱེད་རྒྱ་སྐྱེད་སྒོ་འབྱེད་དང་བསྒྱུར་བཀོད་འཕེལ་རྒྱས་ཀྱི་ནང་ཁུལ་གྱི་འཕེལ་རྒྱས་བཅོས་སྒྱུར་ལ་བརྟེན་པ་དང་ཕྱི་ཕྱོགས་ཀྱི་འཕེལ་རྒྱས་སྒོ་འབྱེད་ལ་བརྟེན་པ་དང་། མགྱོགས་ཞིང་བརྟན་པར་ཁྱོན་ཡོངས་ནས་གཏིང་ཟབ་བཅོས་སྒྱུར་བྱེད་པ་དེ་རྒྱུན་འཁྱོངས་བྱ་དགོས།  མ་ལག་ལྡན་པའི་སྒོ་ནས་ཁྱོན་ཡོངས་ནས་གསར་གཏོད་བཅོས་སྒྱུར་གྱི་ཚོད་ལྟར་སྐུལ་འདེད་བཏང་ནས་ཆུ་ཚད་སྔར་ལས་མཐོན་པོའི་སྒོ་ནས་སྒོ་འབྱེད་མཉམ་ལས་ལ་སྐུལ་སྤེལ་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་དྲག་ཏུ་གཏང་དགོས། མཐའ་གཅིག་ཏུ་དབུལ་སེལ་འགག་སྒྲོལ་གྱི་གཡུལ་འཐབ་ལ་རྒྱལ་ཁ་ཐོབ་དགོས་པ་དང་སྤྱི་ཚོགས་དམངས་འཚོའི་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།  མི་གཙོ་བོ་ཡིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་དང་ཞིབ་ཚགས་སྒོས་གནད་ལ་འཁེལ་བའི་དབུལ་སྐྱོར་དང་གནད་ལ་འཁེལ་བའི་དབུལ་སྒྲོལ་བྱ་དགོས། སྤྱི་ཚོགས་ལས་རིགས་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་བཏང་ནས་གསར་བརྗེའི་གནས་གཞི་ས་ཁུལ་རྙིང་པ་དང་མི་རིགས་ས་ཁུལ། ས་ཡོམ་གནོད་ཁུལ་བཅས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ལམ་དུ་བསྐྱོད་པར་སྐུལ་འདེད་གཏང་དགོས། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་ལྗང་མདོག་ངང་འཕེལ་རྒྱས་སུ་ཕྱིན་པར་སྐུལ་འདེད་དང་རྒྱུ་མཐུད་ངང་སྐྱེ་ཁམས་སྲུང་སྐྱོབ་ལ་ཤུགས་སྣོན་བྱ་དགོས་པར་མ་ཟད། ཤུགས་ཆེར་ནུས་ལྡན་སྒོས་བཙོག་བསྒྱུར་བཅོས་སྐྱོང་དང་ལྗང་མདོག་ཐཱན་ཉུང་འཁོར་རྒྱུག་ཅན་གྱི་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་བཏང་སྟེ་རྗེས་རབས་པ་རྣམས་ལ་སྐྱེ་ཁམས་རྒྱུ་ནོར་སྔར་ལས་མང་པོ་འཇོག་དགོས། ནན་ཏན་སྒོས་བསམ་བློ་རིག་གནས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་གྱི་རིག་གནས་འཕེལ་རྒྱས་ཁ་ཕྱོགས་རྒྱུན་འཁྱོངས་བྱ་དགོས་པར་མ་ཟད། མཐུན་སྒྲིལ་འབད་བརྩོན་བྱེད་པའི་བསམ་བློའི་རྨང་གཞི་སྲ་བརྟན་གཏང་དགོས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་གི་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱས་ཏེ་གཏིང་ཟབ་པའི་སྒོ་ནས་རིག་གནས་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་དང་ཕུལ་བྱུང་རིག་གནས་ཐོན་རྫས་ཀྱི་མཁོ་འདོན་ནུས་པ་གོང་འཕེལ་དུ་གཏང་དགོས། ཧུར་བརྩོན་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན། གཏིང་ཟབ་པའི་སྒོ་ནས་ཁྲིམས་སྐྱོང་སི་ཁྲོན་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་སྤེལ་བྱ་དགོས། 
        ཝང་ཏུང་མིང་གིས་གསུང་རྒྱུར། མཛེས་ཤིང་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་དང་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དེ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏོང་བའི་གནད་འགག་ནི་ཏང་དང་ཏང་གིས་དོ་དམ་དང་ཏང་ནན་གྱིས་སྐྱོང་བ་དེ་རེད། ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། དོན་དངོས་དང་མཐུན་པར་འདུ་ཤེས་བཞི་སྲ་བརྟན་དུ་གཏོང་བ། སེམས་ཤུགས་གཅིག་སྡུད་བྱེད་པ། གུང་ཁྲན་ཏང་མིའི་བསམ་བློའི་ཁྱིམ་གཞིས་བརྟན་སྲུང་། དུས་དང་རྣམ་པ་ཀུན་ཏུ་སྒྲིག་བརྩི་ཁྲིམས་སྲུང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བར་གཟབ་ནན་བྱེད་པ། ངན་བསྐྱུར་གསར་སྒྱུར་རྒྱུན་འཁྱོངས་བྱས་ཏེ་ཏང་སྲོལ་དང་སྲིད་སྲོལ་རྒྱུན་མཐུད་ངང་རྩ་བའི་ཆ་ནས་ལེགས་བསྒྱུར་བྱ་དགོས། མཁས་འདེམས་འཇོན་བསྐོ་ལ་མཐོང་ཆེན་བྱས་ཏེ་གཞུང་དྲང་ཞིང་འོས་འགན་ཁུར་ཕོད་པའི་སྲིད་འཛིན་རྐང་འཛིན་རུ་ཁག་འཛུགས་དགོས། རྨང་གཞི་སྲ་བརྟན་ལ་དམིགས་ནས་གཙོ་གནད་གཤམ་སྒྱུར་དང་རྨང་གཞི་སྲ་བརྟན་རྒྱུན་འཁྱོངས་བྱ་དགོས། རྩ་ལག་མཉམ་བཅོས་ལ་ཤུགས་སྣོན་བྱས་ཏེ་རུལ་རྒོལ་གཙང་སྤེལ་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་དགོས།  

        ཆེས་མཇུག་མཐར་ཝང་ཏུང་མིང་གིས་འབད་པ་ཆེན་པོས་མཆོང་སྐྱོད་གཉིས་མངོན་འགྱུར་བྱེད་པ་དང་མགྱོགས་མྱུར་སྒོས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པའ་འོས་འགན་ལྕི་མོ་ང་ཚོའི་ཕྲག་ཏུ་བབས་པ་རེད། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཡིད་རྟོན་དང་རེ་སྒུག “ཉམས་ཚད”གསར་པའི་མདུན་དུ་ང་ཚོས་ངེས་པར་དུ་འགན་འཁྲི་དང་དུ་ལེན་ཕོད་པར་དུས་རབས་ཀྱིས་བཅོལ་བའི་འོས་འགན་ཆུད་ཟོས་སུ་མི་གཏང་བ་དང་འགན་འཁྲི་ལ་ངོ་མི་གནོང་བ་བྱ་དགོས།  ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ། ཐོག་མའི་སེམས་འདུན་མི་བརྗེད་པར་མུ་མཐུད་དེ་མདུན་དུ་བསྐྱོད་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ལ་སྐུལ་འདེད་བཏང་སྟེ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ལ་འཕེལ་དུ་བཅུག་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁའི་དུས་རིམ་དུ་ཡང་བསྐྱར་བྱས་རྗེས་གསར་པ་བཞག་ནས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་འབྲི་བར་འབད་པ་བྱ་དགོས་ཞེས་གསུངས།

        དུས་ཡུན་ཆུ་ཚོད་གཉིས་ཙམ་ལ་སྙན་ཞུ་གནང་ཞིང་། གྲུབ་འབྲས་ཕྱོགས་བསྡོམས་བྱས་པ་དོན་དངོས་དང་མཐུན་ཞིང་གཏིང་ཟབ་པ། བདེན་འཚོལ་དོན་གཉེར་ཡིན་པ་རེད། མ་འོངས་པར་འཆར་འགོད་གནང་བར་མིག་རྒྱང་རིང་ཞིང་ནང་དོན་ཕུན་སུམ་ཚོགས། མགྱོགས་མྱུར་ངང་མཛེས་ཤིང་དར་བའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པའི་འབོད་སྐུལ་བརྒྱུད་བསྒྲགས་བྱས་ཏེ་ཚོགས་ཞུགས་འཐུས་མི་ལ་མཉམ་འུར་བྱུང་། ཚོགས་རའི་ནང་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས་འདུག

        ཀྲུང་གུང་སི་ཁྲོན་ཞིང་ཆེན་གྱི་སྐབས་བཅུ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པར་ཡིག་ཐོག་ནས་ལས་ཀའི་སྙན་ཞུ་གྲོས་ཞིབ་བྱེད་པར་ཕུལ། 

        དམངས་གཙོ་ཏང་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་དང་མཉམ་དུ་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།
        ཞིང་ཆེན་རིམ་པའི་དམངས་གཙོ་ཏང་ཁག་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་གྱི་འགན་ཁུར་བ་གཙོ་བོ་དང་གྲངས་ཉུང་མི་རིགས། ཏང་ཤོག་གང་ལ་མི་གཏོགས་པ། དེ་མིན་ཆོས་ལུགས་པའི་སྡེ་ཡི་མིང་གྲགས་ཅན་གྱི་མི་སྣ་དག་ཚོགས་ཆེན་སྟེང་གདན་ཞུ་ཞུས་པ་རེད། ཐེངས་འདིའི་ཏང་གི་ཚོགས་ཆེན་གྱི་འཐུས་མི་མིན་པའི་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན། ཏང་ནང་ཁུལ་གྱི་འབྲེལ་ཕྱོགས་ཀྱི་འགན་ཁུར་བའི་བློ་མཐུན་རྣམས་ཚོགས་ཆེན་ལ་ཞུགས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1