སི་ཁྲོན་བོད་ཁུལ་གྱི་མི་དམངས་རྣམས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-25


         སྤྱི་ཟླ་5པའི་ཚེས་24ཉིན།    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་གྱི་ཐེངས་་བཅུ་གཅིག་པའི་ཏང་གི་འཐུས་མི་ཚོགས་ཆེན་ཁྲེན་ཏུའུ་རུ་འཚོགས། 
        ཐེངས་འདིའི་ཚོགས་ཆེན་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་འཛུགས་སྐྲུན་རྒྱལ་ཁའི་དུས་རིམ་དུ་སླེབས་པ་དང་འབད་པ་ཆེན་པོས་རང་ཞིང་གི་དེང་རབས་ཅན་འཛུགས་སྐྲུན་རྒྱང་སྐྱོད་གསར་པ་ཞིག་ལ་བསྐྱོད་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་ཤིག་ཡིན་ལ། ཚོགས་ཆེན་གྱི་བརྗོད་དོན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་ཞིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་སྐྱོང་སྲིད་གཉེར་གྱི་འདུ་ཤེས་ དང་བསམ་བློ། འཐབ་ཇུས་གསར་པ་འཛིན་སྐྱོང་བྱེད་པ། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་བྱ་བའི་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་བྱས་ཤིང་། བཅོས་སྒྱུར་གསར་གཏོད་དང་བློ་བརྟན་ཡར་ཐོན་གྱིས་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་མོ་གསུམ་ལག་བསྟར་དང་། འབད་པ་ཆེན་པོས་མཆོང་བསྐྱོད་གཉིས་མངོན་འགྱུར་བྱས་ཏེ་མགྱོགས་མྱུར་ངང་མཛེས་ཤིང་དར་བའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པ་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ལ་སྐུལ་འདེད་བཏང་ནས་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁའི་དུས་རིམ་དུ་ཡང་བསྐྱར་བྱས་རྗེས་གསར་པ་བཞག་ནས་ཀྲུང་གོའི་ཕུགས་འདུན་གྱི་སི་ཁྲོན་ལེའུ་བྲི་བ་ཞེས་པ་དེ་རེད།

        

        ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཐུགས་ཁུར་འོག  བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། མང་ཚོགས་ཀྱི་འཚོ་བ་ཉིན་རེ་ནས་ཉིན་རེར་ཡར་རྒྱས་འགྲོ་བཞིན་ཡོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ནི་བོད་རིགས་མང་ཚོགས་རྣམས་ཀྱིས་རེ་སྒུག་ཡུན་རིང་བྱས་པའི་དོན་དག་གལ་ཆེ་ཞིག་ཡིན་ལ། ཚེས་24ཉིན་གྱི་སྔ་མོར་བོད་ཁུལ་གྱི་ས་གནས་ཁག་གི་མང་ཚོགས་རྣམས་ཀྱིས་རེ་སྒུག་དང་སྤྲོ་བ་ཆེན་པོས་སི་ཁྲོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་འདུག 

 

 

ལི་ཐང་རྫོང་གི་མང་ཚོགས་ཀྱིས་དུས་ལྟར་ཚོགས་ཆེན་གྱི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ།

 



དཀར་མཛེས་རྫོང་གི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ནན་ཏན་སྒོས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ།
 
རྟའུ་རྫོང་གཤིས་ཆུ་ཡུལ་ཤོག་གི་མང་ཚོགས་རྣམས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ།

 

ཁྲོ་ཆུ་རྫོང་འབུ་ཟི་དབོ་ཡུལ་ཤོག་གི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཚོགས་ཆེན་གྱི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ།
 
གཟིགས་ཚ་སྡེ་དགུའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ཚོགས་ཆེན་གྱི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ།


ཧུང་ཡོན་རྫོང་གི་མང་ཚོགས་རྣམས་ཀྱིས་ཚོགས་ཆེན་གྱི་མཛད་སྒོའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ།

 
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1