གཙོ་ངོས།>> སི་ཁྲོན་བོད་ཁུལ།>>དཀར་མཛེས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༢༥ཉིན།

དཔལ་ཡུལ་རྫོང་གིས་ཀྲུང་གོའི་ཡུལ་སྐོར་དུས་ཆེན་ལ་ཡུལ་སྐོར་གནས་བཤད་འགྲན་བསྡུར་ཆེན་མོ་སྤེལ་འགོ་ཚུགས།

        ཉེ་ཆར། ཡུལ་སྐོར་དྲིལ་བསྒྲགས་ཁྱབ་རྡལ་ལས་ཀར་ཤུགས་སྣོན་བྱེད་ཆེད། དཔལ་ཡུལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། གུང་གཞོན་ཚོགས་པ་དཔལ་ཡུལ་རྫོང་ཨུ་བཅས་ཀྱིས་སྒྲུབ་འགན་ཁུར་བའི་དཔལ་ཡུལ་རྫོང་གི་ཟླ་བ་ལྔ་པའི་ཚེས་བཅུ་དགུ་ཉིན་ཏེ་ཀྲུང་གོའི་ཡུལ་སྐོར་དུས་ཆེན་ཉིན་མོ་དང་དཀར་མཛེས་ཁུལ་གྱི་ཡུལ་སྐོར་གྱིས་ང་ཚོར་བདེ་སྐྱིད་སྐྲུན་ཞེས་པའི་གཙོ་བྱང་བྱ་འགུལ་དང་བསྟུན་ནས།  རྙིང་ཆོས་ཀྱི་གདན་སའི་རྗེས་ཤུལ་འཚོལ་བ་དང་། གཡང་འཛོམས་དཔལ་ཡུལ་གྱི་གསང་བ་འཚོལ་བའི་ས་ཁུལ་ཡོངས་ཀྱི་ཡུལ་སྐོར་གནས་བཤད་འགྲན་བསྡུར་ཆེན་མོའི་བྱ་འགུལ་གྱི་སྒོ་འབྱེད་བྱེད་སྒོ་སྤེལ་བ་རེད།
        ཐེངས་འདིའི་གནས་བཤད་བྱ་འགུལ་ནི་འགྲན་ཞུགས་གནས་བཤད་པའི་གནས་ཚུལ་དང་གནས་བཤད་ནང་དོན་ལྟར་ས་གནས་ལ་དངོས་སུ་སོང་ནས་གནས་བཤད་བྱ་རྒྱུ་ཡིན་ཞིང་། རྫོང་དེའི་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་ལས་སྒྲུབ་པ་ཡང་གནས་བཤད་བྱེད་གནས་སུ་སོང་ནས་གནས་ཚུལ་དངོས་དེ་བརྙན་ཕབ་ནས། དཔལ་ཡུལ་རྫོང་གི་ཡུལ་སྐོར་དང་དཔལ་ཡུལ་དྲིལ་བསྒྲགས། དཔལ་ཡུལ་བརྙན་འཕྲིན་ཁང་། དཔལ་ཡུལ་ན་གཞོན་དང་བཅས་པའི་འཕྲིན་ཕྲན་སྤྱི་སྟེགས་བཞི་བཅས་ཀྱིས་སྤེལ་ཏེ། དྲྭ་ཐོག་འདེམས་ཤོག་འཕེན་པ་དང་འོག་ཏུ་ཆེད་མཁས་པས་ཞིབ་དཔྱད་བྱ་རྒྱུའི་ཐབས་ལམ་ལ་བརྟེན་རྒྱུ་ཡིན་པ་རེད།
        བྱ་འགུལ་ཁྲོད། ད་དུང་དཔལ་ཡུལ་ཡུལ་སྐོར་མཛེས་ལྗོངས་ཀྱི་བརྙན་པར་བརྩམས་ཆོས་འགྲེམ་སྟོན་བྱས་པ་རེད། དུས་མཉམ་དུ་ཡུལ་སྐོར་དྲིལ་བསྒྲགས་ཡི་གེ400ལྷག་དང་། ཡུལ་སྐོར་རི་མོ150དང། གླུ་སྡེར200སོགས་ཡུལ་དངོས་སུ་སྦྱིན་པ་རེད། ཕྱི་འོང་གི་དཔལ་ཡུལ་ཡུལ་སྐོར་བ་འགའ་ཞིག་ཉིན་དེའི་བྱེད་སྒོ་དང་ཏག་ཏག་ཕྲད་སོང་བས། ཡུལ་སྐོར་སྐོར་གྱི་བརྩམས་ཆོས་ལག་པར་ཁུར་ནས་ཧ་ཅང་སྤྲོ་བའི་རྣམ་པ་བསྟན་པ་རེད།།

39.7K

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1