ལི་ཐང་རྫོང་གིས་དབྱར་རྩྭ་དགུན་འབུ་རྐོ་ཡུལ་དུ་གཤམ་སྤེལ་བཞིའི་བྱེད་སྒོ་སྤེལ་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-26


        ཉེ་ཆར།  ལི་ཐང་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡིས་སྣེ་ཁྲིད་ཞིང་།  རྫོང་ཨུ་སྲིད་ཁྲིམས་ཨུ་ལྷན་དང་རྫོང་རིག་གནས་ཡུལ་སྐོར་རླུང་འཕྲིན་ལུས་རྩལ་ཅུས།  རྫོང་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཅུས།  རྫོང་ཚན་རྩལ་མཐུན་ཚོགས་སོགས་ལས་ཁུངས་རྣམས་རྩ་འཛུགས་བྱས་ཏེ་སོ་སོ་མཚོ་འཕགས་སྨི་4700ལྷག་ཡོད་པའི་མཆོད་རྟེན་ཡལ་ཤོག་གི་ཨ་སྐྱ་ལུང་པ་དང་ཧོ་སྙིང་ཤང་གི་ཨ་གསར་ལུང་པ་སོགས་དབྱར་རྩྭ་མང་བའི་ས་ཁུལ་དུ་བསྐྱོད་ནས་བཅའ་ཁྲིམས་དང་རིག་རྩལ།  ཚན་རྩལ་དང་སྨན་བཅོས་བཅས་ཀྱི་གཤམ་སྤེལ་བཞིའི་བྱེད་སྒོ་སྤེལ། 
        བྱེད་སྒོའི་ཁྲོད།  དྲིལ་བསྒྲགས་པ་རྣམས་ཀྱིས་ཁ་གསལ་གོ་བདེའི་སྒོ་ནས་དོན་དངོས་ཀྱི་དཔེ་མཚོན་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་དམངས་ཕན་གྱི་སྲིད་ཇུས་སྣ་ཚོགས།  དེ་མིན་ལི་ཐང་རྫོང་གི་དབྱར་རྩྭ་དགུན་འབུ་སྐོར་བའི་དོ་དམ་ལག་བསྟར་བྱེད་པའི་སྒྲིག་སྲོལ་སོགས་རོང་འབྲོག་མང་ཚོགས་ལ་གསལ་བོར་བཤད་པ་རེད། 

        དྲིལ་བསྒྲགས་མཇུག་རྫོགས་རྗེས།  ལི་ཐང་རྫོང་གི་ཁྲུང་ཁྲུང་དཀར་མོའི་རིག་རྩལ་མཐུན་ཚོགས་ཀྱིས་མང་ཚོགས་ལ་སྟངས་སྟབས་ཀྱི་ཉམས་འགྱུར་ལྡན་པའི་རིག་རྩལ་འཁྲབ་སྟོན་བྱས་ཤིང་ཡུལ་དངོས་ཀྱི་མི་དམངས་ཀྱི་སེམས་ལ་དྲོད་ཁོལ་སྦྱིན། 

        བྱེད་སྒོ་འདི་ལ་རོང་འབྲོག་མང་ཚོགས་7500ལྷག་ཞུགས་ཡོད་ལ།  ཁྲིམས་ལུགས་རིགས་ཀྱི་དྲིལ་བསྒྲགས་ཡིག་ཆ་དང་ནོར་ཟོག་གསོ་སྐྱོང་དོ་དམ་གོ་ཆོད་བྱས་པའི་ལག་རྩལ་ཞེས་པའི་ཚན་རྩལ་ཁྱབ་གདལ་གྱི་དཔེ་ཆ།  དམངས་ཕན་དྲིལ་བསྒྲགས་རི་མོ་སོགས་འགྱེད་པ་རེད།  དེ་དང་མཉམ་དུ།  སྨན་པ་420ལྷག་མངགས་ནས་མང་ཚོགས་ལ་རིན་མེད་སྨན་བཅོས་བྱས་པ་དང་རིན་གོང་དམངས་སྒོར་4253ལ་སླེབས་པའི་སྨན་དང་ནད་ཡམས་སྔོན་འགོག  བུད་མེད་བདེ་སྲུང་དང་འཆར་ལྡན་བུ་བཙའ་སོགས་ཀྱི་དྲིལ་བསྒྲགས་ཡིག་ཆ་དང་དངོས་རྫས་སོགས་རིན་མེད་དུ་འགྲེམ་པར་མ་ཟད།  མི་གྲངས་1260ལྷག་ལ་བདེ་ཐང་སྐོར་གྱི་སློབ་སྟོན་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1