མེ་ཏོག་གི་འགྲེམ་སྟོན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-26


    ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ་5པའི་ཚེས་22ཉིན། དབྱིན་ཇིའི་ལོན་ཏོན་དུ་ཆིས་ཨེར་ཞི་མེ་ཏོག་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ། ཆིས་ཨེར་ཞི་མེ་ཏོག་འགྲེམ་སྟོན་ནི་འཛམ་གླིང་གི་རྩེར་སོན་མེ་ཏོག་འགྲེམ་སྟོན་གྲས་ཀྱི་གཅིག་ཡིན་ལ། འཛམ་གླིང་མེ་ཏོག་སྒྱུ་རྩལ་དང་མེ་ཏོག་ལྡུམ་རའི་ཇུས་བཀོད་ཀྱི་དཔེ་སྟོན་དུ་གྱུར་ཡོད་པ་རེད། ལོ་རེའི་ཟླ་ལྔ་བའི་ཟླ་སྨད་དུ་དབྱིན་ཇིའི་ལོན་ཏོན་ཆིས་ཨེར་ཞི་ས་ཁུལ་དུ་རྣམ་པ་མི་འདྲ་ཞིང་མཐོང་དཀོན་པའི་སྐྱེས་དངོས་དང་མེ་ཏོག སྤུས་ལེགས་པའི་གླིང་ག་སོགས་འགྲེམ་སྟོན་བྱས་ཏེ་འཛམ་གླིང་གི་མེ་ཏོག་ལ་དགའ་བའི་སྐྱེས་པོ་མང་པོ་ཞིག་གི་ཡིད་ཀྱི་དང་བ་འདྲེན་བཞིན་ཡོད་པ་རེད། 

        མེ་ཏོག་འགྲེམ་སྟོན་འདི་ནི་སྤྱི་ལོ་1862ལོར་སྤེལ་འགོ་ཚུགས་ཤིང་། སྤྱི་ལོ་1973ལོར་བྱེད་སྒོ་སྤེལ་ཡུལ་ལོན་ཏོན་གྱི་ཆིས་ཨེར་ཞི་ས་ཁུལ་གནས་སྤོས་པ་ནས་བཟུང་ད་ལྟའི་བར་ལོ་ངོ་150ཡི་ལོ་རྒྱུས་ལྡན་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1