གཞི་རིམ་ཏང་གི་འཐུས་མིས་དམངས་འཚོ་གླེང་བ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།གངས་ལྗོངས་ཉི་གཞོན། སྤེལ་དུས། 05-27


         སྤྱི་ཟླ་5པའི་ཚེས་24ནས་25བར། ཞིང་ཆེན་ཏང་ཨུའི་ལས་ཀའི་སྙན་ཞུར་གསན་རྫེས། དཀར་མཛེས་ཁུལ་གྱི་གཞི་རིམ་ཏང་གི་འཐུས་མི་རྣམས་ཀྱིས་རང་ཉིད་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་བྱས་ནས། བསམ་ཚུལ་དང་རེ་བ་སོགས་མང་པོ་བཏོན་པ་རེད།
        རོང་བྲག་རྫོང་གི་གཞི་རིམ་ཏང་གི་འཐུས་མི་ཀུའེ་ཧྭས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཀྱི་ནང་དོན་མང་ཆེ་བ་དེ་དམངས་འཚོ་དང་འབྲེལ་ཡོད་པ་དང་།  འདི་ཡང་མང་ཚོགས་རྣམས་ཀྱིས་ཆེས་ཐུགས་ཁུར་བྱེད་པའི་དོན་དག་ཞིག་རེད།སྙན་ཞུའི་ནང་དོན་གྱི་བོད་ཁུལ་གྱི་འཕེལ་རྒྱས་ལ་དོ་ཁུར་བྱེད་པ་དང་ལྷག་པར་དུ་བོད་ཁུལ་གྱི་དབུལ་སེལ་འགག་སྒྲོལ་ལ་དོ་ཁུར་བྱས་འདུག  ཕ་ཡུལ་དུ་སླེབས་རྗེས།  ངེས་པར་དུ་ཚོགས་འདུའི་དགོངས་དོན་ཏང་ཡོན་ལས་བྱེད་པ་དང་ཁྱིམ་ཚང་རེར་ཞིང་ཆེན་གྱི་སྲིད་ཇུས་ལེགས་པོ་བརྒྱུད་སྒྲོག་བྱ་རྒྱུ་ཡིན་པ་དང་། ང་ཚོས་འདི་འདྲིའི་སྲིད་ཇུས་བཟང་པོའི་འོག་འཚོ་བ་སྐྱིད་པོར་རོལ་ཐུབ་པ་དང་སྡོད་ཁང་བཟང་པོར་འདུག་ཐུབ་པ། གོམས་སྲོལ་ལེགས་པོར་ཆགས་ཐུབ་པ་ངེས་ཞེས་བཤད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1