མྱང་ཆུའི་འགྲམ་གྱི་སྔོ་ཚལ་གྱི་དྲི་ཞིམ་ཞེས་པའི་རླུང་འཕྲིན་ཐད་གཏོང་ལེ་ཚན་གཏོང་འགོ་ཚུགས་རྒྱུ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། སྤེལ་དུས། 05-31


ས་གནས་ས་ཐོག་ཏུ་སྐྱོད་པའི་རླུང་འཕྲིན་ཐད་གཏོང་རླངས་འཁོར།

        སྤྱི་ཟླ་5པའི་ཚེས་28ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་པར།  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱིས་གཙོ་བོར་གཉེར་བ་དང་། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་པ་སྣམ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མཉམ་གཉེར་བྱས་པའི་༼བོད་ལྗོངས་ཐད་གཏོང་༽གི་སྤྱི་ལོ་2017ལོའི་དུས་ཁག་དང་པོའི་མྱང་ཆུ་འགྲམ་གྱི་སྔོ་ཚལ་གྱི་དྲི་ཞིམ་ཞེས་པ་པ་སྣམ་རྫོང་གི་ཤིང་འབྲས་དང་སྔོ་ཚལ་ས་བོན་ལྟེ་གནས་ཀྱི་དྲོད་ཁང་ཆེན་མོ་ནས་ཐད་གཏོང་བྱ་རྒྱུ་རེད།
རླུང་འཕྲིན་ཐད་གཏོང་ལས་དོན་མི་སྣས་གྲ་སྒྲིག་བྱེད་བཞིན་པ།
        ཤེས་རྟོགས་བྱས་པར་གཞིགས་ན།  ཐད་གཏོང་ལེ་ཚན་ནང་པ་སྣམ་རྫོང་གི་རྫོང་དཔོན་གཞོན་པ་བཀྲ་ཤིས་ཚེ་བརྟན་དང་།  པ་སྣམ་རྫོང་ལྷད་མེད་སྔོ་ཚལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དུང་ཧྲི་ཀྲང་དང་སྤྱི་ཁྱབ་ཅིང་ལི་བསྟན་འཛིན་ཆོས་དབྱིངས་ཀྱིས་གཙོ་སྐྱོང་པ་དང་ལྷན་དུ་པ་སྣམ་བས་སྔོ་ཚལ་འདེབས་འཛུགས་ཀྱི་ལོ་ངོ་20ནང་གི་ཉམས་སུ་མྱོང་ཕོད་པ་དང་གསར་གཏོད་ཕོད་པའི་ལོ་རྒྱུས་གླེང་རྒྱུ་རེད།  ད་ལྟ་༼བོད་ལྗོངས་ཐད་གཏོང་༽གི་གྲ་སྒྲིག་ལས་དོན་ཁག་ལེགས་པར་གྲུབ་པ་དང་སྐབས་བབས་སུ་རྒྱ་ཆེའི་དྲ་གྲོགས་རྣམ་པས་བོད་ལྗོངས་འཕྲིན་དྲ་བརྒྱུད་དེ་ཐད་གཏོང་ལེ་ཚན་གསན་ན་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1