སྡེ་དགེ་རྫོང་གིས་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་བྱས་པ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-31


        ཉེ་བའི་ལོ་ཤས་རིང་།  སྡེ་དགེ་རྫོང་གིས་བྱེད་ཐབས་བཞི་ལག་བསྟར་བྱས་ནས་རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་བྱས།
        སྲིད་གཞུང་གི་དོ་དམ་འགན་འཁྲི་དོན་ཐོག་ཏུ་འཁྱོལ་བ་དང་དོ་དམ་གྱི་མ་ལག་འཐུས་ཚང་དུ་བཏང་བ།  འགན་འཁྲི་ཞིབ་བཤེར་མ་ལག་འཐུས་ཚང་བསྐྲུན་པ་དང་ཧུར་བརྩོན་གྱིས་རིག་དངོས་ཁྲིམས་མིའི་ཁྲིམས་འགལ་གྱོད་དོན་ལ་ཆེད་དུ་བཅོས་སྒྲིག་རྩ་འཛུགས་བྱེད་པ་དང་།  དཔེ་མཚོན་ཅན་གྱི་གྱོད་གཞི་ཁ་ཤས་ཕྱོགས་བསྡོམས་བྱས་ནས་གསལ་སྟོན་བྱས་པ། རིག་དངོས་གཏོར་བརླག་དང་རྐུ་འཕྲོག་བྱེད་པའི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་བ།  དེ་དང་མཉམ་དུ།  རིག་དངོས་ལས་དོན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས།  དུས་ཐོག་ཏུ་སྤྱི་ཚོགས་ཀྱི་ཐུགས་ཁུར་ལ་ལན་བཏབ་པ།  
          རིག་དངོས་སྲུང་སྐྱོབ་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་ཚན་རིག་དང་མཐུན་པའི་དོ་དམ་བྱེད་སྟངས་ལ་ཤུགས་སྣོན་བྱས།  རིག་དངོས་བདེ་འཇགས་ནི་རིག་དངོས་ལས་དོན་གྱི་སྲོག་རྩ་རུ་བཟུང་ནས་མུ་མཐུད་དུ་འགན་འཁྲི་གཙོ་བོར་ཤུགས་སྣོན་དང་གཞོགས་འདེགས་མཐུན་སྦྱོར་ལ་ཤུགས་སྣོན།  རིག་དངོས་སྲུང་སྐྱོབ་དང་བདེ་འཇགས་ཐད་ལྟ་སྐུལ་དང་ཞིབ་བཤེར་གྱི་ཡུན་ཕན་མ་ལག་འཛུགས་པ་དང་།  ཁྱོན་ཡོངས་ནས་རིག་དངོས་བདེ་འཇགས་སྲུང་སྐྱོབ་ཀྱི་གནས་ཚུལ་རྩད་ཞིབ་བྱེད་པ།  ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་སེལ་བ་དང་རིག་དངོས་བདེ་འཇགས་ཀྱི་ཉེན་ཁ་ཇེ་ཆུང་གཏོང་བ།  དེ་དང་མཉམ་དུ།  ནོར་སྲིད་མ་དངུལ་གཏོང་བའི་ཚད་ཆེ་རུ་གཏོང་བ་དང་ཧུར་བརྩོན་གྱིས་རིག་དངོས་ལས་དོན་གྱི་འགྲོ་གྲོན་ལ་འགན་ལེན་བྱས།     
        རིག་དངོས་ཐོན་རྫས་མཁོ་སྤྲོད་མང་པོ་བྱས་ནས་རིག་གནས་དམངས་ཕན་ལ་སྐུལ་འདེད་བཏང་བ།
   རིག་དངོས་སྲུང་སྐྱོབ་ཀྱི་ལས་གཞིར་བརྟེན་ནས་རིག་དངོས་ཐོན་ཁུངས་དང་རྣམ་པ་གསར་པའི་གྲོང་རྡལ་ཅན་གཉིས་ཟུང་དུ་སྦྲེལ་བར་སྐུལ་འདེད་བཏང་།  སྤྱིའི་སྒྲིག་བཀོད་སོགས་འཆར་འགོད་འཛུགས་སྐྲུན་དང་ཤང་གྲོང་རིག་གནས་ཀྱི་སྙིང་བཅུད་ལེགས་སྤེལ།  རྫོང་ཐོག་གི་སྤྱི་ཚོགས་ཁོར་ཡུག་སོགས་ལེགས་བཅོས་བྱས་ནས།  སྡེ་དགེ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་དུས་རབས་ཀྱི་ཁྱད་ཆོས་མངོན་པ་དང་།  རིག་གནས་ཀྱི་མཁའ་དབུགས་ཕུན་སུམ་ཚོགས་པའི་གནའ་གྲོང་ཞིག་ཏུ་འཛུགས་སྐྲུན་བྱས།དེ་དང་མཉམ་དུ།  ཧུར་བརྩོན་གྱིས་རིག་དངོས་འགྲེམ་སྟོན་ཁག་གི་བྱེད་སྒོ་ལ་ཞུགས་པ(གཉེར་བ།)དང་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་འཚོ་བ་ཇེ་རྒྱས་སུ་བཏང་། 
        ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གཏོང་བར་སྐུལ་འདེད་བྱས་ནས་རིག་དངོས་ལ་གསོན་ཤུགས་བསྐྲུན།  ཐེངས་གསུམ་པའི་རྒྱལ་ཡོངས་རིག་དངོས་ཁྱབ་བཤེར་དང་ཐེངས་དང་པོའི་རྒྱལ་ཡོངས་སྤོ་འགུལ་བྱས་ཆོག་པའི་རིག་དངོས་ཁྱབ་བཤེར་གྱི་གྲུབ་འབྲས་ལེགས་པོར་ལག་བསྟར་བྱས་ནས།  རིག་དངོས་སྲུང་སྐྱོབ་ལས་ཁུངས་ལ་སྔོག་འདོན་བྱེད་པའི་ཆ་རྐྱེན་བསྐྲུན་པ་མ་ཟད།  སྔོག་འདོན་གྱི་ཁྱབ་ཁོངས་མུ་མཐུད་དུ་རྒྱ་བསྐྱེད་ནས་སྤོ་འགུལ་བྱེད་མི་རུང་བའི་རིག་དངོས་དང་འགྲེམ་སྟོན་ཁང་དུ་ཉར་བའི་རིག་དངོས་སོགས་ཀྱི་གཞི་གྲངས་ཀྱི་ཐོན་ཁུངས་སྔོག་འདོན་བྱས་ཏེ།  ཐོན་ཁུངས་མཉམ་སྤྱོད་ལ་སྐུལ་འདེད་བཏང་བར་མ་ཟད།  བཀོལ་སྤྱོད་ཀྱི་མ་ལག་འཐུས་ཚང་དུ་བཏང་ནས་རིག་དངོས་བཀོལ་སྤྱོད་མ་ལག་ཁ་ཐོར་དུ་སོང་བ་དང་སྤྱི་ཚོགས་ཀྱི་ཕན་ནུས་གང་ལེགས་འདོན་སྤེལ་བྱེད་མ་ཐུབ་པའི་གནད་དོན་མྱུར་དུ་ཐག་བཅད་བྱས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1