གཙོ་ངོས།>> དམངས་སྲོལ།>>དམངས་རྩོམ།

རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་བསྡུ་བསྒྲིགས་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༡༧ལོའི་ཟླ་བ་༠༥ཚེས་༣༡ཉིན།

༄༅།། སྦལ་པས་འོལ་པ་བསླུས་པ།

        སྔོན་བྱ་འོལ་བའམ་ནེ་ལེ་ཞིག་གིས་སྦལ་པ་གཅིག་བཟུངས་ནས་བཟའ་གྲབས་བྱས་པ་ལ། སྦལ་པས་དེ་རིང་བློ་ཐབས་ཤིག་མ་བྱས་ན་བདག་འོལ་པས་བཟའ་ངེས་པས་ཐབས་ཤིག་ཅི་ཡོད་བསམས། སྦལ་པས་བསམ་བློ་གཏོང་དུས་དེ་རིང་བདག་གིས་པིང་ཀྱུར་མགོ་ཞིག་བསྐོར་བ་དྲག་བསམས་ཏེ། ལྐོག་ནས་སྡུག་གཏམ་བྱེད་པའི་ཚུལ་གྱིས། ང་མཐོ་རི་རྒྱལ་རྩེ་ལ་ཁུར་ཏེ་བཟས་ན་ང་ལས་དགའ་ཞིག་སུ་ཡོད། དམའ་རྒྱ་མཚོའི་འགྲམ་དུ་ཁུར་ཏེ་བཟས་ན་ང་ལས་སྡུག་ཅིག་སུ་ཡོད་ཅེས་སྨྲས་པར། འོལ་པས་ཁོ་རང་མི་འདོད་ས་དེ་རྒྱ་མཚོའི་འགྲམ་དུ་ཡིན་འདུག་པས། རྒྱ་མཚོའི་འགྲམ་དུ་ཁུར་ནས་བཟའ་དགོས་བསམས། དེ་ནས་འོལ་པས་སྦལ་པ་མཚོ་འགྲམ་ཕ་ཝང་གཅིག་གི་ཐོག་ཏུ་ཁུར་ནས་བཟའ་གྲབས་བྱས་པ་ལ། སྦལ་པས་ཁྱོད་ཀྱིས་ཨོཾ་ཨཱཿཧཱུྃ་མི་ཟེར་ནས་ང་བཟའ་རྒྱུ་ཨེ་ཡིན་བཟླས་པར། འོལ་པས་དེ་བདེན་བསམས་ནས་ཨོཾ་ཨཱཿཧཱུྃ་བཟླས་ཏེ་སྐེ་གནམ་ལ་གཏད་པ་དང་སྦལ་པ་མཚོ་ནང་དུ་འཕགས་ཏེ་སྲོག་མགོ་ཐོན་པར་གྱུར་ཏོ། །

39.7K

རྩོམ་ཡིག་རྗེས་མ།
ཨཱ་ཏིས།

ཐག་རག་ཡིག་བསྒྱུར་མ་ལག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས།蜀ICP备14009601号-1