གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་དང་པོས་དྲུག་གཅིག་བྱིས་པའི་དུས་ཆེན་བསུས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ། སྤེལ་དུས། 06-02



དྲུག་གཅིག་ནི་བྱིས་པར་དབང་བའི་སྤྲོ་སྐྱིད་ཀྱི་འཇིག་རྟེན་ཞིག་ཡིན།
        བྱིས་པ་ནི་ཞོགས་པའི་ཉི་གཞོན་དང་འདྲ་བར་རེ་ལྟོས་ཀྱིས་ཁེངས་ཤིང་། སྤྲོ་སེམས་ཀྱིས་བརྟས་པའི་མི་རིགས་དང་མེས་རྒྱལ་གྱི་མ་འོངས་པ་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་ཆུང་བྱིས་པ་རྣམས་ལ་བརྩེ་བའི་ཐུགས་ཁུར་གནང་བའི་རེ་བའང་ཡིན། བྱིས་པ་རྣམས་ཀྱིས་ཉིན་མ་རེ་ལ་ཚིག་རེ་ཟུངས། གང་ཞིག་ཉིན་བརྒྱ་སོང་བ་ན། ཚིག་བརྒྱ་མ་ལུས་ཁོང་དུ་ཆུད་ཅེས་པ་ལྟར་སློབ་སྦྱོང་ལ་གཡེལ་བ་མི་བྱེད་པར་བརྩོན་པ་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་རླབས་ཆེན་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་དགེ་སློབ་ཡོངས་ནས་གཡར་དུ་ཟ་བར་གྲུབ་འབྲས་ལོན་པར་རྟེན་འབྲེལ་ཞུ་སླད་དུ། “དགའ་བའི་ངང་ཚོགས་ཆེན་བཅུ་དགུ་བསུ་མ་བྱེད—ངས་སྤོ་བོ་ཞིས་ལགས་ལ་སེམས་གཏིང་གི་སྐད་ཆ་ཞིག་བཤད”ཅེས་པའི་དྲུག་གཅིག་བྱིས་པའི་དུས་ཆེན་གྱི་བྱ་འགུལ་སྤེལ་ནས་རྒྱལ་སྤྱིའི་རང་བཞིན་གྱི་དུས་ཆེན་འདིར་བྱིས་པ་རྣམས་ལ་སྔ་ན་མེད་པའི་སྤྲོ་སྐྱིད་དང་། དགའ་བདེ་དཔལ་ལ་རོལ། བྱ་འགུལ་གྱི་བརྗོད་བྱ་ནི་སློབ་མའི་སེམས་ཀྱི་འཇིག་རྟེན་དེ་རི་མོ་དང་པར་རིས་བརྙན་རིས་བཅས་ལ་བརྟེན་ནས་བྱིས་པའི་རྨ་མེད་པའི་སེམས་པ་དེ་རི་མོའི་མཚོན་ཐབས་ལ་བརྟེན་ནས་ཏང་དང་མེས་རྒྱལ་ལ་དགའ་པའི་སེམས་འདུན་དྲོད་མོ་དེ་ཀུན་གྱི་སྤྱན་ལམ་ལ་དྲངས།

བྱིས་པ་ནི་ཞོགས་པའི་ཉི་གཞོན་དང་འདྲ་བར་རེ་ལྟོས་ཀྱིས་ཁེངས་ཤིང་། སྤྲོ་སེམས་ཀྱིས་བརྟས་པའི་མི་རིགས་དང་མེས་རྒྱལ་གྱི་མ་འོངས་པ་ཡིན། 

རེས་འཇགས་རེས་སློང་གི་རྦ་རླབས་བཞིན་གཡོ་བའི་པ་ཏྲ་རི་མོའི་ཀུན་གྱི་མཐོང་ལམ་དུ་བྱིས་པ་འཚར་ལོངས་འབྱུང་བཞིན་པའི་འགུལ་རིས་རི་མོ་ཞིག་བསྟབས་འོང་།  

འཛམ་གླིང་ལུས་རྩལ་མཚོན་བྱེད་ལྡུམ་གོར་རི་མོའི་འོག་ཏུ་མེ་ཏོག་གི་མཆོད་པ་འབུལ་པའི་ཚུལ་དུ་བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་པ་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1