2020ལོར་སྡོད་དམངས་ཡོངས་ཀྱིས་གཞི་རྩའི་སྨན་བཅོས་མྱོང་ཐུབ་རྒྱུ་རེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05



        2020ལོར་གྲོང་ཁྱེར་དང་ཡུལ་ཤོག་གི་སྡོད་དམངས་ཡོངས་ལ་ཁྱབ་པའི་གཞི་རྩིའི་སྨན་བཅོས་འཕྲོད་བསྟེན་ལམ་ལུགས་འཐུས་ཚང་དུ་བཙུགས་ནས་མི་ཚང་མས་གཞིའི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་མྱོང་ཐུབ་རྒྱུ་རེད། མི་སྒེར་གྱི་འཕྲོད་བསྟེན་འགྲོ་སོང་གིས་འཕྲོད་བསྟེན་སྤྱིའི་འགྲོ་སོང་ཟིན་པའི་བསྡུར་ཚད་30%ནང་ཚོད་འཛིན་བྱ་རྒྱུ་ཡིན་པ་དང་། སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཚེ་ཚད་2015ལོ་ལས་ལོ་གཅིག་གིས་ཡར་འཕར་བར་དང་སྦྲུམ་མ་འཆི་བའི་བསྡུར་ཚད་ཁྲི་19/10ལ་ཕབ་པ། བྱིས་པའི་འཆི་ཚད་6.5%ལ་མར་ཕབ་པ། ལོ་ལྔའི་དམན་གྱི་བྱིས་པའི་འཆི་ཚད་7.5%ལ་མར་ཕབ་ནས་སྡོད་དམངས་ཀྱི་བདེ་ཐང་དམིགས་ཚད་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་སྔོན་གྲལ་དུ་ཕྱིན་པར་བརྩོན་རྒྱུ་རེད། 
        ཉེ་ཆར།  རང་རེ་ཞིང་ཆེན་གྱིས《སི་ཁྲོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་བཅོས་སྒྱུར་བྱེད་པའི་འཆར་འགོད(2017—2020ལོའི་བར།)》དངོས་སུ་འདོན་ཞིང་།   རྒྱུན་ཆད་མེད་པར་མི་དམངས་མང་ཚོགས་ཀྱི་བདེ་ཐང་ཐོབ་པའི་ཚོར་བ་དང་མི་དམངས་ཀྱི་ཆེད་དུ་འདྲ་མཉམ་དྲང་གཞག   བདེ་འཇགས་དོན་འཁྱོལ་དང་སྟབས་བདེ་ཞིང་ནུས་པ་ཡོད་པའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་མཁོ་འདོན་བྱ་དགོས་པ་བསྟན།
        《འཆར་འགོད》ལས།  ཁྱོན་ཡོངས་ནས་རིམ་པ་སོ་སོའི་སྨན་ཁང་དང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི།  ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་སྒྲིག་གཞི་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་འགན་ནུས་དོན་ཐོག་ཏུ་འཁྱོལ་བ་བྱེད་པ། སྨན་ཁང་གི་སྒྲིག་གཞི་ཚད་རིམ་གཉིས་པ་ཡན་ནམ་ཁ་གསལ་པོས་ནད་རིགས་སྔོན་འགོག་འགན་ལེན་བྱེད་ཐུབ་པའི་ཚན་ཁག  སྒྲིག་གཞི་ལུགས་དང་མཐུན་ཞིང་ཞབས་ཞུའི་ནུས་པ་འཐུས་ཚང་དང་མི་སྣའི་གཤིས་རྒྱུད་ལེགས་པ།  དོ་དམ་བྱེད་སྟངས་ཚད་དང་ལྡན་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་ཅིག་འགྲུབ་པའི་བླང་བྱ་བཏོན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1