གསེར་ཐར་རྫོང་གིས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་འདེགས་བྱས།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-05


        མཚོ་འཕགས་4000ལ་ཉེ་བའི་གསེར་ཐར་ནི་ས་བབ་མཐོ་བ་དང་གནམ་གཤིས་མི་ལེགས་པས།  གསེར་ཐར་རྫོང་གི་སྔོ་ཚལ་འདེབས་འཛུགས་ལས་རིགས་གཞན་དང་བསྡུར་ན་རྗེས་ལུས་ཡིན་པ་དང་།  ས་གནས་དེ་གའི་ཡུལ་མི་ཚོས་ཟ་བཞིན་པའི་སྔོ་ཚལ་ཕལ་ཆེར་ལམ་ཐག་རིང་བའི་ཁྲེན་ཏུའུ་དང་ཞི་ཁྲང་།  ལྕགས་ཟམ་ཁ་སོགས་ནས་སྐྱེལ་འདྲེན་བྱས་པ་ཡིན་ལ།  སྔོ་ཚལ་གསར་པ་མིན་པ་མ་ཟད།  རིན་གོང་ཡང་ཅུང་མཐོ་བ་རེད།  རྒྱལ་ཁབ་ཀྱིས་བཏོན་པའི་ཞིང་ལས་མཁོ་སྤྲོད་ལོགས་ཀྱི་སྒྲིག་གཞི་རང་བཞིན་དང་དབུལ་སེལ་འགག་སྒྲོལ་གྱི་དགོས་མཁོ་གཉིས་ཟུང་དུ་སྦྲེལ་བ་དང་།  གསེར་ཐར་རྫོང་གི་ཕྱོགས་གང་ཐད་ནས་རྩད་ཞིབ་བྱས་ནས།  རྫོང་དེའི་རོང་ཁུལ་གྱི་ཞིང་ལས་ཀྱི་སྒྲིག་གཞི་རང་བཞིན་ལེགས་སྒྲིག་བྱེད་འགོ་བརྩམས་པ་རེད། 
        ཤེལ་གྲུབ་ཡུལ་ཤོག་གི་གྲོང་མི་ཚོའི་ལས་ཞུགས་གནད་དོན་ཐག་བཅད་བྱས་ཡོད་པ་མ་ཟད།  ས་ཞིང་བདེ་སྤྱོད་བཏང་ནས་ལོ་གཅིག་དུས་གཅིག་གི་རྣམ་པ་དེ་ལོ་གཅིག་དུས་གསུམ་གྱི་རྣམ་པར་བསྒྱུར་བས།  རྫོང་ཡོངས་ཀྱི་མི་དམངས་ཀྱིས་མཐོ་སྒང་གི་སྔོ་ཚལ་གསར་པ་ལོངས་སུ་སྤྱོད་ཐུབ་བྱུང་། མིག་སྔར་གསེར་ཐར་རྫོང་གིས་ཞིང་ལས་མཁོ་སྤྲོད་བཅོས་བསྒྱུར་དང་ཐོན་ལས་གྲུབ་ཚུལ་ལེགས་སྒྲིག  ཞིང་ལས་སྒྲིག་བཀོད་རམ་འདེགས་དང་སྔོ་ཚལ་དྲོད་ཁང་འཛུགས་པའི་གོམ་འགྲོས་ཇེ་མགྱོགས་སོགས་ནན་གྱིས་གཏོང་བཞིན་ཡོད་ལ།   འབྲོག་ཁུལ་ལྔ་དང་བདུན་ཙམ་ལ་སའི་རྒྱ་ཁྱོན་མུའུ་70ཟིན་པའི་དེང་རབས་ཅན་གྱི་དྲོད་ཁང་20ཕུབ་ཡོད་པས།  སྔོ་ཚལ་གྱི་དགོས་མཁོ་བསྐང་བར་ཁག་ཐེག་བྱས་པ་མ་ཟད།  ཚོང་རའི་སྔོ་ཚལ་གྱི་སྤུས་ཚད་ཇེ་ལེགས་སུ་བཏང་བ་དང་།  མང་ཚོགས་ཀྱི་ཡོང་བབ་འཕར་ཞིང་ཕྱུག་འགྱུར་ཐབས་ལམ་ཇེ་ཡངས་སུ་བཏང་བ་རེད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1