ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་སོགས་རྒྱལ་ཁབ་ཀྱི་ཚད་གཞི་334ཁྱབ་བསྒྲགས་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-06


             ཉེ་ཆར། རྒྱལ་ཁབ་སྤུས་ཚད་ལྟ་སྐུལ་སྤྱི་ཁྱབ་ཅུས་དང་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་དང་《ལུགས་རྙིང་ལོ་ཐོ་རྩིས་སྟངས་དང་འགྲེམས་སྤེལ་ལག་བསྟར།》སོགས་རྒྱལ་ཁབ་ཀྱི་ཚད་གཞི་334ལ་ཆོག་མཆན་སྤྲད་དེ་ཁྱབ་བསྒྲགས་བྱས་པ་དེ་དག་གཙོ་བོ་མི་སེར་གྱི་འཚོ་བ་དང་། སྤྱི་པའི་བདེ་འཇགས། སྣོད་བཅུད་ཤེས་དཔལ། ཆ་འཕྲིན་ལག་རྩལ་སོགས་དང་འབྲེལ་བ་ཡོད་པ་རེད།
            རྒྱལ་ཁབ་ཚད་གཞི་ཨུ་ལྷན་ཕྱོགས་བསྡུས་ལས་སྒོ་པུའི་ཀྲུའུ་རེན་གོ་ཧོན་ཤིན་གྱིས་ཚེས་22ཉིན་རྒྱལ་ཁབ་ཚད་གཞི་ཨུ་ལྷན་གྱིས་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག སྤྱི་པའི་བདེ་འཇགས་ཐད་ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་ལ་དམིགས་ནས་ཚད་གཞི་རབ་དང་རིམ་པ་ཡོངས་བསྒྲགས་བྱས་པ་དེའི་ནང《ས་ཡོམ་གྱི་རིམ་པའི་གཏན་འབེབས།》དང《ས་ཡོམ་གྱི་འཕྲལ་སྡོམ་ཉེན་གཡོལ་བྱ་ཡུལ་གྱི་འཁོར་སྐྱོད་དོ་དམ་ཕྱོགས་སྟོན།》གྱི་རྨང་གཞིའི་ཚད་གཞི་གཉིས་དང་། དེ་བཞིན་《སློབ་གྲྭ་འབྲིང་ཆུང་གི་ས་ཡོམ་ཉེན་གཡོལ་ཕྱོགས་སྟོན།》དང་《སྨན་ཁང་གི་ས་ཡོམ་འཕྲལ་སྡོམ་ཐག་གཅོད།》ཀྱི་ཞིབ་ཕྲའི་གནས་ཡུལ་གྱི་འཕྲལ་སྡོམ་ཚད་གཞི་གཉིས་ཚུད་ཡོད་པ་རེད།
          “ལྷག་པར་དུ《སློབ་གྲྭ་འབྲིང་ཆུང་གི་ས་ཡོམ་ཉེན་གཡོལ་ཕྱོགས་སྟོན།》ནང་སློབ་གྲྭ་འབྲིང་ཆུང་ལ་དམིགས་ནས་ས་ཡོམ་གྱི་ཉེན་གཡོལ་སྔོན་ཇུས་བཟོས་པ་དང་། ས་ཡོམ་གྱི་ཉེན་གཡོལ་ཤེས་བྱའི་སློབ་གསོ་དང་ས་ཡོམ་གྱི་ཉེན་གཡོལ་ནང་སྦྱོང་བྱེད་པ། དེ་བཞིན་ས་ཡོམ་བྱུང་སྐབས་ཀྱི་ཉེན་གཡོལ་དང་ས་ཡོམ་བྱུང་རྗེས་ཀྱི་ཁ་འགྲེམས་ཐབས་བཅས་ཚང་མ་གཏན་འབེབས་ཞིབ་ཕྲ་བྱས་ཡོད་པས། སློབ་གྲྭ་འབྲིང་ཆུང་གིས་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་རྒྱུར་སྐུལ་མ་ནུས་ལྡན་ཐེབས་ནས་སློབ་མ་དང་དགེ་རྒན་དང་ལས་བཟོའི་ཚེ་སྲོག་བདེ་འཇགས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་སྲུང་སྐྱོང་ཐུབ་རྒྱུ་རེད”ཅེས་གོ་ཧོན་ཤིན་གྱིས་བཤད།
            མི་སེར་གྱི་འཚོ་བའི་ཐད་《ལུགས་རྙིང་ལོ་ཐོ་རྩིས་སྟངས་དང་འགྲེམས་སྤེལ་ལག་བསྟར།》དེ་ལས་ཀྲུང་ཧྭའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ལུགས་རྙིང་ལོ་ཐོ་རྩིས་སྟངས་དང་འགྲེམས་སྤེལ་ལག་བསྟར་དེ་ཚད་གཞིའི་ཁྱབ་ཁོངས་ནང་ཐོག་མར་བཅུག་ནས། ལུགས་རྙིང་ལོ་ཐོ་རྩིས་སྟངས་ཀྱི་ཚད་ལྡན་རང་བཞིན་གྱི་སྟོང་ཆ་བསྐངས་ཏེ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ཚད་ལྡན་གྱི་འདེགས་སྐྱོར་མཁོ་འདོན་བྱས་ནས། རྒྱུན་གཏན་གྱི་འཚོ་བ་དང་། ཞིང་ལས་ཐོན་སྐྱེད། ཉ་ལས་ཐོན་སྐྱེད། འབྲུབ་འགོག་ཤྭ་འགོག་སོགས་ཀྱི་ཐད་སྔར་བས་གནད་སྨིན་གྱི་ལུགས་རྙིང་ལོ་ཐོ་རྩིས་སྟངས་ཀྱི་གཞི་འཛིན་ས་ཞིག་ལྡན་ཡོད།
            སྣོད་བཅུད་ཤེས་དཔལ་ཐད་《ལྗང་མདོག་ཐོན་རྫས་དཔྱད་བསྡུར་གྱི་ཀུན་འཕྲོད་སྒྲིག་སྲོལ།》ནང་ལྗང་མདོག་ཐོན་རྫས་ཀྱི་གོ་དོན་གསལ་པོར་བཏོན་པ་སྟེ། “ཚེ་སྲོག་གི་དུས་མཚམས་དང་བརྒྱུད་རིམ་ཡོངས་སུ་ཁོར་ཡུག་སྲུང་སྐྱོང་གི་བླང་བྱ་དང་འཚམ་པ་དང་། སྣོད་བཅུད་ཁོར་ཡུག་དང་མིའི་གཟུགས་གཞི་བདེ་ཐང་ལ་གནོད་པ་མེད་པའམ་ཡང་ན་གནོད་པ་ཆུང་བ་དང་། ཐོན་ཁུངས་ནུས་རྒྱུ་ཟད་གྲོན་ཉུང་བ། རྒྱུ་སྤུས་མཐོ་བའི་ཐོན་རྫས”བཅས་ལ་བརྗོད་པ་དང་། ཚད་གཞི་དེས་གོམ་སྟབས་རྗེས་མར་ཁག་བགོས་ནས་བཙུགས་པའི་ཁོར་ཡུག་སྲུང་སྐྱོང་དང་། ནུས་རྒྱུ་གྲོན་ཆུང་། ཆུ་གྲོན་ཆུང་། འཁོར་རྒྱུག བསྐྱར་སྐྱེས། སྐྱེ་ལྡན་སོགས་མ་ལག་རྐྱང་མ་དག་ཕྱོགས་བསྡུས་བྱེད་པའི་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་རེད།
            ཆ་འཕྲིན་ལག་རྩལ་ཐད་གོ་ཧོན་ཤིན་གྱིས་སྒུལ་བདེའི་དྲ་སྦྲེལ་དང་དྲ་ཐོག་ཚོང་དོན་ཉིན་རེ་མ་འདས་པར་ཁྱབ་གདལ་དུ་ཕྱིན་པ་དང་བསྟུན་ནས། སྤྱི་དམངས་ཀྱིས་ལག་ཐོགས་ཁ་པར་གྱི་གཏོང་སྤྲོད་ལས་སྒོའི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། དེར་བརྟེན་གསར་དུ་ཡོངས་བསྒྲགས་བྱས་པའི་ལག་ཐོགས་ཁ་པར་གྱི་གཏོང་སྤྲོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་ཀྱི་ཚད་གཞི་ཁག་7པོ་དེ་དག་2.45GHZཡི་ཚད་བཀག་ཁྱབ་ཁོངས་ཀྱི་འཕྲིན་གཏོང་ལག་ཐོགས་ཁ་པར་གྱི་གཏོང་སྤྲོད་ལག་རྩལ་ལ་དམིགས་པ་དང་། དེ་ནི་རང་རྒྱལ་གྱི་རང་བརྟེན་གསར་གཏོད་ཀྱི་གྲུབ་འབྲས་ཀྱི་ཁོངས་སུ་གཏོགས་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
            སྤྱི་པའི་ཞབས་ཞུའི་ཐད་《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཕྱོགས་སྟོན་ཞབས་ཞུའི་ཚད་གཞི་》ནི་ཁྱབ་ཁོངས་དེའི་རྒྱལ་ཁབ་ཀྱི་ཚད་གཞི་དང་པོ་དེ་ཡིན་པ་དང་། དེའི་ནང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཕྱོགས་སྟོན་ཞབས་ཞུའི་གཞི་རྩའི་བླང་བྱ་དང་། ཞབས་ཞུའི་ནང་དོན། ཞབས་ཞུའི་བླང་བྱ། ཞབས་ཞུའི་བརྒྱུད་རིམ། ཞབས་ཞུ་དཔྱད་བསྡུར་དང་ལེགས་གཏོང་སོགས་ཀྱི་ནང་དོན་གཏན་འཁེལ་བྱས་ཡོད་པས། ཁྱབ་ཁོངས་དེའི་ཆེད་ལས་ཅན་དང་། ཚད་ལྡན་ཅན། གནད་སྨིན་ཅན་བཅས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་པ་རེད།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1