ཁྲོན་བོད་གཞུང་ལམ་གྱི་ཟམ་ཆེན་དང་པོ་བདེ་བླག་ངང་འཛུགས་སྐྲུན་བྱེད་བཞིན་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-09


        ཟླ་6ཚེས་3ཉིན། སི་ཁྲོན་གཡག་རྔ་ནས་དར་རྩེ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ལྕགས་ཟམ་ཁའི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་ཞི་ཁམས་ཟམ་ཆེན་བདེ་བླག་ངང་འཛུགས་སྐྲུན་བདེ་བླག་བྱེད་བཞིན་ཡོད་པ་དང་། ཟམ་ཆེན་འདི་ནི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ལ་ས་ཡོམ་འགུལ་ཚད་ཆེ་བའི་ས་རྒྱུད་དུ་འཛུགས་སྐྲུན་བྱེད་བཞིན་པའི་བར་བརྒལ་ཆེ་བའི་ཨར་འདམ་ལྕགས་རྩིབས་འཕྲེད་གདུང་འཕྱངས་ཟམ་ཞིག་ཡིན་ཞིང་། ཟམ་ཆེན་གྱི་སྤྱིའི་རིང་ཚད་ལ་སྨི་1411ཡོད་པ་དང་། ཟམ་པ་གཙོ་བོའི་རིང་ཚད་ལ་སྨི་1100ཡོད་ཅིང་། ཟམ་པ་འདི་ལ་ཨར་འདམ་ལྕགས་རྩིབས་རྩེག་སྡེབ་ལམ་ཟམ་བཟོ་ཐབས་སྤྱོད་པ་དང་། མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་10ལས་བརྒལ་ཡོད་པ་རེད། འཛུགས་སྐྲུན་བྱ་རྒྱུའི་ལག་རྩལ་ཐད་དཀའ་ཚད་ཧ་ཅང་ཆེ་བས་"ཁྲོན་བོད་གཞུང་ལམ་གི་ཟམ་ཆེན་དང་པོ"ཞེས་པའི་མཚན་སྙན་ཐོབ་པ་རེད། གཡག་རྔ་ནས་དར་རྩེ་མདོའི་བར་གྱི་མྱུར་བགྲོད་གཞུང་ལམ་ནི་གཡག་རྔ་གྲོང་ཁྱེར་གྱི་ཚའོ་པཱ་གྲོང་རྡལ་ནས་དར་མདོ་རྫོང་གི་ཚའེ་ཡོན་ཙི་བར་ཡིན་ཞིང་ལམ་ཐིག་རིང་ཚད་ཡོངས་ལ་སྤྱི་ལེ་135ཡོད་པ་རེད།


རྩོམ་ཡིག་སྔོན་མ།
新年好
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1