ཁོ་ཕེན་ཧ་ཀེན་དུ་མཚོ་སྔོན་གྱི་པར་རིས་དང་ཐང་ག་འགྲེམ་སྟོན་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-14



        ཟླ་6ཚེས་9ཉིན།  ཏེན་མག་གི་རྒྱལ་ས་ཁོ་ཕེན་ཧ་ཀེན་DGI-BYENཡི་གྲོས་ཚོགས་ལྟེ་གནས་སུ"ཀྲུང་གོའི་མཛེས་སྡུག་ལྡན་པའི་མཚོ་སྔོན་ཤེས་སུ་འཇུག་པ"ཞེས་པའི་པར་རིས་དང་ཐང་ག་འགྲེམ་སྟོན་གྱི་འགོ་ཚུགས་མཛད་སྒོ་སྤེལ་བ་རེད། མཚོ་སྔོན་གྱི་རང་བྱུང་ཁོར་ཡུག་གི་པར་རིས་ཁག་200དང་མི་ཆོས་དང་ལོ་རྒྱུས་ཀྱི་པར་རིས། དེ་མིན་ཐང་ག་30ལྷག་ཙམ་འགྲེམ་སྟོན་བྱས་ཏེ། ཏེན་མག་མི་དམངས་ལ་ཀྲུང་གོའི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྣ་མང་རང་བཞིན་དང་། ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་ཀྱི་མཛེས་སྡུག་འགྲེམ་སྟོན་བྱས་པ་དང་། ཡུལ་དེ་གའི་མང་ཚོགས་ཚོས་དགའ་བསུ་དང་བསྟོད་བསྔགས་རྒྱ་ཆེར་ཐོབ་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1