བདེ་ཆེན་དུ་སྐབས་དང་པོའི་པི་ཝང་གླེང་སྟེགས་དང་འགྲན་སྟེགས་བསྡུས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ། སྤེལ་དུས། 06-16


        རིག་གནས་དང་རང་བྱུང་ཤུལ་བཞག་གི་ཉིན་ཐོག་མ་བསུ་བ་ཞུ་ཆེད། ཟླ་6པའི་ཚེས་9ཉིན་ནས་ཚེས་10ཉིན་བར། བདེ་ཆེན་ཁུལ་རིག་གནས་དང་ལུས་རྩལ་རྒྱང་བསྒྲགས་བརྙན་འཕྲིན་དང་། གསར་འགྱུར་དཔེ་སྐྲུན་པར་དབང་ཅུས་ཀྱིས་གཙོ་སྒྲུབ་གནང་བ་དང་། བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱིས་སྒྲུབ་འགན་ཁུར་བའི་བདེ་ཆེན་ཁུལ་གྱི་སྐབས་དང་པོའི་པི་ཝང་གླེང་སྟེགས་དང་པི་ཝང་འགྲན་སྟེགས་དེ་སེམས་ཀྱི་ཉི་ཟླ་ནས་བསྡུས་པ་རེད།

        ཐེངས་འདིའི་གླེང་སྟེགས་ནི་སྲུང་སྐྱོབ་དང་རྒྱུད་འཛིན། འཕེལ་རྒྱས། གསར་འབྱེད་བཅས་བརྗོད་བྱ་བྱས་ནས། པི་ཝང་གི་མིག་སྔའི་གནས་བབ་དང་རྒྱུད་འཛིན་གྱི་གནད་དོན་ལ་དམིགས་ནས་བགྲོ་གླེང་རབ་དང་རིམ་པ་བྱས་པ་རེད། གླེང་སྟེགས་ནི་བཞུགས་མོལ་གྲོས་ཚོགས་ཀྱི་རྣམ་པ་ལྟར་སྤེལ་ལ། འཇོལ་གྱི་པི་ཝང་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་གང་ལེགས་བྱས་ནས། མི་སྣ་མང་པོ་འཇོལ་གྱི་པི་ཝང་རིག་གནས་སྲུང་སྐྱོབ་ཀྱི་ལས་ཀའི་ཁྲོད་དུ་ཞུགས་རྒྱུར་བརྩོན་ལེན་བྱས་པ་དང་། པི་ཝང་རིག་གནས་བརྒྱུད་ནས་སྤྱི་ཚོགས་འཆམ་མཐུན་འཕེལ་རྒྱས་དང་མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་མཉམ་གནས་ལ་སྐུལ་འདེད་བཏང་བ་རེད། 

        གླེང་སྟེགས་ལས་གཞན། ཟླ་6པའི་ཚེས་10ཉིན་པི་ཝང་འགྲན་སྟེགས་བསྡུས་ནས་རྣམ་པ་གཞན་ཞིག་བརྒྱུད་ནས་འཇོལ་གྱི་པི་ཝང་སྒྱུ་རྩལ་མངོན་པ་རེད། པི་ཝང་འགྲན་སྟེགས་ནི་བདེ་ཆེན་ཁུལ་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་ལྟེ་གནས་ཀྱིས་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཟབ་ཞུགས་བྱས་པའི་ལས་ཀའི་བྱེད་ཕྱོགས་གཞིར་བཟུང་པའི་ནུས་ལྡན་ཐབས་ལམ་ཞིག་ཡིན་ལ། གསར་འབྱེད་ཀྱི་རྣམ་པ་བརྒྱུད་ནས། རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་དངོས་སུ་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོབ་དང་། མངོན་མིན་རིག་གནས་ཤུལ་བཞག་ལོངསསུ་སྤྱོད་པ། འབྲས་བུ་ལ་སྲུང་སྐྱོབ་བྱས་པ་བརྒྱུད་ནས། སྤྱི་ཚོགས་ཡོངས་ཟབ་ཞུགས་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་པ་རེད། 

        རྒྱུས་ལོན་བྱུང་བ་ལྟར་ན། 2009ལོར། འཇོལ་གྱི་པི་ཝང་ཞབས་བྲོ་ལ་ཡུན་ནན་ཞིང་ཆེན་གྱིས་འབོར་ཐེངས་གཉིས་པའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་མིང་ཐོའི་རྣམ་གྲངས་ཏུ་ཁྱབ་བསྒྲགས་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1