བྷང་ག་ལའི་ལྷོ་ཕྱོགས་ས་ཁུལ་དུ་རི་ཉིལ་གནོད་འཚེ་བྱུང་སྟེ་མི་བརྒྱ་དང་སོ་དྲུག་རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-16


        བྷང་ག་ལའི་དཔོན་ཕྱོགས་ཀྱིས་ཚེས་བཅུ་བཞིའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཁབ་དེའི་ལྷོ་ཕྱོགས་རི་ཁུལ་དུ་ཆར་བ་དྲག་པོ་བབས་པའི་དབང་གིས་རི་ཉིལ་བའི་གནོད་འཚེ་བྱུང་བ་དང་། མིག་སྔར་རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་བརྒྱ་དང་སོ་དྲུག་ལ་སླེབས་ཡོད། སྔར་བཞིན་མི་མང་པོར་འབྲེལ་ལམ་ཆད་པས། ཚོད་དཔག་བྱས་པ་ལྟར་ན་འདས་པོའི་ཁ་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1