མཚོ་བོད་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཆེན་མོ་ཐེངས་གཉིས་པ་མགོ་ཚུགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 06-19


        ཚེས་17ཉིན་གྱི་སྔ་དྲོར་གཙང་པོ་དང་མཚེའུ་ཡི་ཚན་ཞིབ་རུ་ཁག་ཁག་དང་པོ་ལྷ་ས་ནས་རྡོག་ཐོན་བྱས་པ་དང་། དེས་ལོ་ལྔ་བཅུའི་རྗེས་སུ་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་ཐེངས་གཉིས་པ་དངོས་སུ་མགོ་ཚུགས་པ་མཚོན་ཡོད། སླད་ཕྱིན་ལོ་ལྔ་ནས་བཅུའི་ནང་ཚན་རིག་ལས་དོན་པ་འབོར་ཆེན་གྱིས་འཁྱག་རོམ་དང་ཁོར་ཡུག་གི་འགྱུར་ལྡོག མཚེའུ་དང་ཆུ་གཤིས། གནམ་གཤིས། སྐྱེ་དངོས་དང་སྐྱེ་ཁམས་འགྱུར་ལྡོག གནའ་བོའི་སྐྱེ་ཁམས་དང་གནའ་བོའི་ཁོར་ཡུག་སོགས་ཀྱི་ཐད་ནས་ངོ་མཚར་ཆེ་བའི་ས་མཐོ་འདིར་གཞི་ཁྱོན་ཆེ་བའི་ཚན་རིག་རྟོག་ཞིབ་བྱ་རྒྱུ་རེད།།






 


 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1