༄༅།།སྡོང་བོའི་ཡལ་ག་ཆག་ནས་མི་གཞན་ལ་གྱོང་གུད་བཟོས་ན་འགན་སུས་འཁུར་དགོས།

མདོ་སྡེ་རྒྱལ་གྱིས་བསྒྱུར་སྒྲིག་བྱས། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-20



གྱོད་དཔེ།
        ཚེ་འབུམ་གྱིས་གླས་པའི་ཁང་བའི་ར་སྐོར་དུ་ལོ་མང་པོ་འགོར་ཡོད་པའི་སྡོང་རྒན་ཞིག་ཡོད་ལ། ཕར་བལྟས་ཚོད་ཀྱིས་ལོ་གང་མང་ལ་བདག་བྱས་མ་མྱོང་བ་འདྲ། སྡོང་རྒན་གྱི་ཡལ་ག་རྣམས་སྐམ་ཡོད་པས་ཚེ་འབུམ་གྱིས་དེའི་གནས་ཚུལ་ཁང་བདག་ལ་ཐེངས་མང་པོར་བཤད་ཀྱང་། ཁང་བདག་གིས་དེར་དོ་སྣང་ཅི་ཡང་མ་བྱས། ཐེངས་ཤིག་ལ་དྲག་ཆར་འབབ་མཚམས་བཞག་རྗེས། སྡོང་རྒན་སྟེང་གི་ཡལ་ག་ཞིག་ཆག་ནས་མར་ལྷུང་སྟེ། ཕྱི་ནས་ར་སྐོར་དུ་འཛུལ་བཞིན་པའི་ཚེ་འབུམ་གྱི་མགོར་བརྒྱབ་ནས་རྨས་སྐྱོན་བཟོས། དེ་བས་ཚེ་འབུམ་གྱིས་ཁང་བདག་བཙལ་ཏེ་སྨན་རིན་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་ཡང་། ཁང་བདག་གི་སེམས་སུ་སྡོང་རྒན་སྟེང་གི་ཡལ་ག་ཆག་སྟེ་རྨས་སྐྱོན་བཟོས་པ་ནི་རང་བྱུང་གི་གནད་དོན་ལ་རྐྱེན་བྱས་ནས་བྱུང་བས་ཁོ་ལ་འབྲེལ་བ་ཅི་ཡང་མེད་པར་སྙམ། དེས་ན་བཅའ་ཁྲིམས་ཀྱིས་འདི་ལྟ་བུའི་གནས་ཚུལ་ཇི་ལྟར་གཏན་ཁེལ་བྱས་ཡོད་དམ། 

ཕྲན་དཔྱད།
        རང་རྒྱལ་གྱི《དབང་གནོད་འགན་འཁྲིའི་བཅའ་ཁྲིམས》ཀྱི་གཏན་ཁེལ་ལྟར་ན།  “སྡོང་བོའི་ཡལ་ག་ཆག་ནས་མི་གཞན་ལ་གནོད་འཚེ་བཟོས་ཚེ། སྡོང་བོ་དབང་མཁན་ནམ་ཡང་ན་དོ་དམ་མཁན་གྱིས་རང་ཉིད་ལ་ནོར་འཆུག་མེད་པ་བདེན་དཔང་བྱེད་མི་ཐུབ་ཚེ། དབང་གནོད་འགན་འཁྲི་འཁུར་དགོས” ཞེས་བཀོད་ཡོད། འདི་ནི་བཅའ་ཁྲིམས་ཀྱིས་སྡོང་བོའི་ཡལ་ག་ཆག་ནས་མི་གཞན་ལ་གནོད་འཚེ་བཟོས་ཏེ་འགན་འཁུར་དགོས་པའི་ཐད་ཀྱི་གཏན་ཁེལ་ཡིན།
        གོང་གི་གྱོད་དོན་འདིར་གཞིགས་ན། ཁང་བདག་གིས་སྡོར་བོ་དེར་དུས་ལྟར་དུ་ཡལ་ག་གཅོད་པ་དང་བདག་སྐྱོང་དོ་དམ་བྱས་པ་མི་ལེགས་པས། ཁང་བདག་གིས་ཚེ་འབུམ་གྱི་སྨན་རིན་གཞལ་འགན་འཁུར་དགོས། 


(མཚོ་སྔོན་ཁྲིམས་ལུགས་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1