༄༅།།དབུལ་ཐར་འགག་སྒྲོལ་སྐོར་གྱི་རྒྱུན་ཤེས།

ཤ་མོ་འཚོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-20


གནད་འཁེལ་དྲུག་དག་ཡིན། 
        གནད་འཁེལ་དྲུག་ནི་གང་ཡིན་ཞེ་ན།  གནད་འཁེལ་དྲུག་ནི་དབུལ་སྐྱོར་བྱེད་ས་གནད་ལ་འཁེལ་བ་དང་། རྣམ་གྲངས་བཀོད་སྒྲིག་བྱེད་པ་གནད་ལ་འཁེལ་བ། མ་དངུལ་བེད་སྤྱོད་གནད་ལ་འཁེལ་བ། སྲིད་ཇུས་ཁྱིམ་དུ་སྤྱོད་པ་གནད་ལ་འཁེལ་བ། སྡེ་བར་འགོ་ཁྲིད་མངག་པ་གནད་ལ་འཁེལ་བ། དབུལ་ཐར་གྲུབ་འབྲས་གནད་ལ་འཁེལ་བ་བཅས་ཡིན་པ་རེད།
ཅི་ཞིག་ལ་གནད་འཁེལ་དབུལ་སྐྱོར་ཟེར།
  གནད་འཁེལ་དབུལ་སྐྱོར་ནི་དབུལ་སྐྱོར་བྱེད་ས་གནད་ལ་འཁེལ་བའི་སྒོ་ནས་དོ་དམ་བྱེད་པ་ལག་བསྟར་དང་། དབུལ་སྐྱོར་མ་དངུལ་གནད་ལ་འཁེལ་བའི་སྒོ་ནས་བཀོད་སྒྲིག་བྱེད་པ་དང་། ཁ་གཏད་དབུལ་སྐྱོར་བྱེད་སར་གནད་ལ་འཁེལ་བའི་སྒོ་ནས་དབུལ་སྐྱོར་བྱེད་པ། དབུལ་སྐྱོར་ཐོན་ཁུངས་དེ་དབུལ་སྐྱོར་མཁོ་བའི་མི་གྲངས་ལ་བེད་སྤྱོད་བྱེད་པ་དང་། དབུལ་སྐྱོར་མཁོ་སར་བེད་སྤྱོད་བྱེད་པ་དེ་ཡིན་པ་རེད།
ཅི་ཞིག་ལ་གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཆེན་པོ་ཟེར།

        གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཆེན་པོ་ནི་གང་ཡིན་ཞེ་ན། གནས་གསུམ་གཞི་གཅིག་གི་དབུལ་སྐྱོར་ཆེན་པོ་ནི་ཆེད་སྤྱོད་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་གསུམ་ཡིན་པ་རེད།

(མཚོ་སྔོན་བོད་ཡིག་དྲ་བའི་འཕྲིན་སྟེགས་ལས་བཤུས།)

            


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1