ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་གིས་དབང་སྐྱོན་བྱིས་པ་དང་ད་ཕྲུག་451གཅིག་སྡུད་གསོ་ཉར་བྱས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་འཕྲིན་དྲ། སྤེལ་དུས། 06-27


        ཉིང་ཁྲི་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་ནི་སྤྱི་ལོ་2016ལོའི་ཟླ་2པར་བསྐྲུན་པ་ཞིག་ཡིན་པ་དང་།  དེ་གར་ད་ཆ་དབང་སྐྱོན་བྱིས་པ་དང་ད་ཕྲུག་451 གཅིག་སྡུད་གསོ་ཉར་བྱས་པའི་ནང་ཐེམ་ཁོངས་ཆབ་མདོ་ནས་ཡིན་པའི་དབང་སྐྱོན་བྱིས་པ་དང་ད་ཕྲུག་115 ཡོད་པ་རེད།  སྤྱི་ལོ་2017 ལོར་ཀོང་ཏུང་ཞིང་ཆེན་གྱི་དུས་ཁག་བདུན་པའི་བོད་སྐྱོར་ལས་དོན་རུ་ཁག་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ།  ཕན་བདེ་ཁང་དེར་ཁྱོན་སྒོར་ཁྲི་120 ལྷག་ཙམ་ཟིན་པའི་རོགས་སྐྱོར་བྱས་པར་བརྟེན།  ཕན་བདེ་ཁང་གི་རྨང་གཞིའི་སྒྲིག་བཀོད་དང་། ཕྲུ་གུ་ཚོའི་འཚོ་སྡོད་དང་སློབ་སྦྱོང་སོགས་ཀྱི་ཆ་རྐྱེན་ཇེ་བཟང་དུ་ཕྱིན་ཡོད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1