རོང་བྲག་རྫོང་གིས་ཐུམ་འབུའི་ནད་ལྟ་ཞིབ་ཚད་ལེན་གྱི་ལས་ཀ་སྤེལ་བ།

ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-28


        ཉེ་ཆར།  རོང་བྲག་རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣ་གྲོང་ཁུལ་སློབ་ཆུང་དང་པོ་རུ་ཕྱིན་ཏེ་སློབ་གྲྭ་དེའི་ལོ་རིམ་དང་པོ་ནས་བཞི་པའི་བར་གྱི་སློབ་ཆུང་སློབ་མ་619ལ་རིན་མེད་ངང་གློག་འོད་འཕྲུལ་ཆས་ཀྱིས་བརྟག་བཤེར་བྱས།
        བརྟག་བཤེར་ཁྲོད།  ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་དགེ་སློབ་རྣམས་ལ་ཐུམ་འབུའི་ནད་སྔོན་འགོག་དང་བཅོས་ཐབས་སྐོར་གྱི་ཤེས་བྱ་བརྒྱུད་སྤྲོད་བྱས་པ་དང་།  གསོན་ཉམས་ལྡན་པའི་ངང་ཐུམ་འབུའི་ནད་ཀྱི་མིའི་ལུས་ལ་ཐེབས་པའི་གནོད་སྐྱོན་ངོ་སྤྲོད་དང་སློབ་གྲོགས་ཚོས་ནད་འབུའི་འབྱུང་ཁུངས་དང་འགོས་ལམ།  སྔོན་འགོག་དང་བཅོས་ཐབས།  ཚོད་འཛིན་སོགས་ཀྱི་ཐབས་ཤེས་བཅས་ལ་རྒྱུས་ལོན་བྱུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1