༄༅།། 《འོས་འགན་སློབ་གསོའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་གཏན་འབེབས་འགའ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 06-28


         རྒྱལ་ཁབ་ནས་ལོ་དགུའི་འོས་འགན་སློབ་གསོའི་ལམ་ལུགས་ལག་བསྟར་བྱ་རྒྱུ། འོས་འགན་སློབ་གསོ་ནི་རྒྱལ་ཁབ་ཀྱིས་གཅིག་གྱུར་ཐོག་ལག་བསྟར་བྱས་པའི་ལོ་ཚོད་རན་པའི་བྱིས་པ་དང་ན་ཆུང་ཚང་མས་ངེས་པར་དུ་དང་ལེན་བྱེད་དགོས་པའི་སློབ་གསོ་ཡིན་ལ། རྒྱལ་ཁབ་ནས་ངེས་པར་དུ་འགན་སྲུང་བྱེད་འོས་པའི་སྤྱི་ཕན་བྱ་གཞག་ཀྱང་ཡིན།  
        འོས་འགན་སློབ་གསོ་ལག་བསྟར་བྱེད་པར་སློབ་ཡོན་དང་འགྲོ་སོང་སྣ་ཚོགས་བསྡུ་མི་ཆོག་པས་སློབ་གྲྭས་རྒྱལ་ཁབ་ཀྱི་གཏན་འབེབས་དང་འགལ་བའི་གྲོན་དངུལ་བསྡུ་མི་ཆོག་པ་མ་ཟད། སློབ་མར་ཚོང་ཟོག་འགྲེམ་འཚོང་ངམ་རྣམ་པ་བསྒྱུར་བའི་འགྲེམ་འཚོང་དང་། ཞབས་ཞུ་སོགས་ཀྱི་མིང་ཐོག་ནས་ཁེ་བཟང་ལེན་མི་ཆོག
        སྤྱིར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁོངས་སུ་གཏོགས་པའི་ན་ཆུང་བྱིས་པ་ཡིན་ཕྱིན། ཕོ་མོ་དང་། མི་རིགས། རིགས་རྒྱུད། ཁྱིམ་ཚང་དབུལ་ཕྱུག ཆོས་ལུགས་དད་མིན་སོགས་ལ་མ་བལྟོས་པར་ཁྲིམས་ལྟར་འོས་འགན་སློབ་གསོ་འདྲ་མཉམ་འཐོབ་པའི་ཁེ་དབང་ཡོད་པ་མ་ཟད། འོས་འགན་སློབ་གསོ་འཐོབ་པའི་འགན་འཁྲི་ཡང་བསྒྲུབ་དགོས། ལོ་ཚོད་རན་པའི་བྱིས་པ་ན་ཆུང་གི་ཕ་མའམ་ཁྲིམས་བཅད་ལྟ་སྐྱོང་བྱེད་མཁན་གྱིས་དེ་ཉིད་དུས་ཐོག་ཏུ་སློབ་གྲྭར་ཞུགས་པ་དང་། འོས་འགན་སློབ་གསོ་དང་ལེན་བྱེད་པ་མ་ཟད་ལེགས་གྲུབ་འཐོབ་པའི་འགན་སྲུང་བྱེད་དགོས།རང་ལོ་ཧྲིལ་པོ་དྲུག་ལོན་པའི་བྱིས་པ་ཡིན་ཕྱིན་དེའི་ཕ་མའམ་ཁྲིམས་བཅད་ལྟ་སྐྱོང་བྱེད་མཁན་གྱིས་དེ་ཉིད་དུས་ཐོག་ཏུ་སློབ་གྲྭར་བསྐྱེལ་བ་དང་། འོས་འགན་སློབ་གསོ་དང་ལེན་བྱེད་པ་མ་ཟད་ལེགས་གྲུབ་འཐོབ་པའི་འགན་སྲུང་བྱེད་དགོས། ཆ་རྐྱེན་མི་ཚང་པའི་ས་གནས་ཀྱི་བྱིས་པ་རྣམས་རང་ལོ་ཧྲིལ་པོ་བདུན་བར་ཕྱིར་འགྱང་བྱེད་ཆོག ལོ་ཚོད་རན་པའི་ན་ཆུང་བྱིས་པ་རྣམས་གཟུགས་གཞིའི་གནས་ཚུལ་རྐྱེན་གྱིས་སློབ་ཞུགས་ནར་འགྱང་ངམ་ཡང་ན་ཕྱིར་འཐེན་བྱེད་དགོས་རིགས། དེའི་ཕ་མའམ་ཁྲིམས་བཅད་ལྟ་སྐྱོང་བྱེད་མཁན་གྱིས་རེ་འདུན་ཞུས་ཤིང་། ས་ཆ་དེ་གའི་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་ངམ་ཡང་ན་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་ནས་ཆོག་མཆན་འཐོབ་དགོས། 
        ལོ་ཚོད་རན་པའི་ན་ཆུང་བྱིས་པ་རྣམས་ཡིག་རྒྱུགས་སྤྲོད་མི་དགོས་པར་སློབ་གྲྭར་ཞུགས་རྒྱུ། ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་ནས་ལོ་ཚོད་རན་པའི་ན་ཆུང་བྱིས་པ་ཚང་མ་ཐེམ་ཐོ་ཡོད་སའི་སློབ་གྲྭ་ཉེ་ཤོས་སུ་སློབ་ཞུགས་འཐོབ་པའི་འགན་སྲུང་བྱེད་དགོས། ཕ་མའམ་ཁྲིམས་བཅད་ལྟ་སྐྱོང་བྱེད་མཁན་དེ་ཐེམ་ཐོ་ཡོད་ས་མ་ཡིན་པའི་ས་ཆར་ལས་ཀའམ་གནས་སྡོད་བྱས་པའི་ལོ་ཚོད་རན་པའི་ན་ཆུང་བྱིས་པ་རྣམས་ནི་དེའི་ཕ་མའམ་ཁྲིམས་བཅད་ལྟ་སྐྱོང་བྱེད་མཁན་ལས་ཀའམ་གནས་སྡོད་བྱེད་ཁུལ་དུ་འོས་འགན་སློབ་གསོ་དང་ལེན་ཞུ་དགོས་རིགས། ས་ཆ་དེ་གའི་མི་དམངས་སྲིད་གཞུང་གིས་ཁོང་ཚོར་འདྲ་མཉམ་ཐོག་འོས་འགན་སློབ་གསོ་དང་ལེན་འཐོབ་པའི་མཐུན་རྐྱེན་བསྐྲུན་དགོས། 
        མི་གླ་བཀོལ་མཁན་ཚན་པས་འོས་འགན་སློབ་གསོ་དང་ལེན་བྱེད་འོས་པའི་ན་ཆུང་བྱིས་པ་བཀོལ་བར་བཀག་འགོག་བྱ་རྒྱུ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ན། ལོ་ཚོད་རན་པའི་ན་ཆུང་བྱིས་པ་སློབ་བསྡུ་བྱས་ཏེ་རིག་རྩལ་དང་དང་ལུས་རྩལ་སོགས་ཆེད་ལས་སྦྱོང་བརྡར་གཉེར་མཁན་གྱི་སྤྱི་ཚོགས་རྩ་འཛུགས་གིས་བསྡུ་རུབ་བྱས་པའི་ལོ་ཚོད་རན་པའི་ན་ཆུང་བྱིས་པ་རྣམས་འོས་འགན་སློབ་གསོ་དང་ལེན་འཐོབ་པའི་འགན་སྲུང་བྱ་རྒྱུ། འོས་འགན་སློབ་གསོ་སོ་སོས་ལག་བསྟར་བྱེད་རིགས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོག་མཆན་འཐོབ་དགོས། 
        རིམ་པ་ཁག་གི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་ཚན་པས་ཁྲིམས་ལྟར་སློབ་གྲྭའི་ཉེ་འགྲམ་གྱི་སྒྲིག་ལམ་སྲུང་སྐྱོང་བྱས་ནས། སློབ་ཕྲུག་དང་། དགེ་རྒན། སློབ་གྲྭ་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་སྟེ་སློབ་གྲྭའི་བདེ་འཇགས་འགན་སྲུང་བྱ་རྒྱུ།

        སློབ་གྲྭའི་དོ་དམ་ལམ་ལུགས་དང་འགལ་བའི་སློབ་མར་སློབ་གྲྭས་སྐྱོན་བརྗོད་སློབ་གསོ་གནང་བ་ལས་ཕྱིར་འབུད་གཏོང་མི་ཆོག

(ལྷ་མོའི་ཁྲིམས་བཤད་ཅེའ་པའི་འཕྲིན་སྟེགས་ལས་བཤུས།)


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1